80975

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་སྨིན་གྱི་རྒྱུ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། རང་གི་འབྲས་བུའི་གཙོ་བོ་རྣམ་སྨིན་གྱི་ཕུང་པོ་བསྐྱེད་པར་བྱེད་པའོ། །མཚན་གཞི་ནི་མི་དགེ་བ་དང་ཟག་བཅས་ཁོ་ན་ཡིན་གྱི་ལུང་མ་བསྟན་མིན་ཏེ། མཐུ་ཆུང་བའི་ཕྱིར། ས་བོན་རུལ་བ་བཞིན་ནོ། །ཟག་མེད་ནི་མ་ཡིན་ཏེ། སྲེད་པའི་བརླན་དང་བྲལ་བའི་ཕྱིར། ས་བོན་བརླན་དང་བྲལ་བ་བཞིན་ནོ་ཞེས་ཀུན་མཁྱེན་གོ་རམས་པའི་ངོ་མཚར་སུམ་ལྡན་ལས་སོ། ། རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བ་དང་དགེ་བ་ཟག་བཅས་ཁོ་ན་ཏེ། ལུང་མ་བསྟན་སྟོབས་ཞན་པས་རྣམ་སྨིན་སྐྱེད་མི་ནུས་པའི་ཕྱིར་དང། ཟག་མེད་ནི་སྲིད་པའི་བརླན་དང་བྲལ་བས་རྣམ་སྨིན་མི་འཛིན་པའི་ཕྱིར། རྣམ་སྨིན་གྱི་རྒྱུ་ནི་མི་དགེ་བ་དང། དགེ་བ་ཟག་བཅས་རྣམས་ཁོ་ནའོ། །ཀུན་འགྲོ་དང་སྐལ་མཉམ་འདས་པ་དང་ད་ལྟར་ཏེ་དུས་གཉིས་པ་སྟེ། དེ་དག་རྒྱུ་མཐུན་གྱི་འབྲས་བུ་ཅན་ཡིན་ལ། མ་འོངས་པ་འཆོལ་བ་ཡིན་པས་སྔ་ཕྱི་མེད་པའི་ཕྱིར་རོ། །ལྷན་ཅིག་འབྱུང་བ་མཚུངས་ལྡན་རྣམ་སྨིན་གསུམ་པོ་རྣམས་ནི་དུས་གསུམ་པའོ། །བྱེད་རྒྱུ་ནི་དུས་ཐམས་ཅད་པ་དང་དུས་དང་བྲལ་བ་ཡང་ཡིན་ནོ་ཞེས་ཀུན་མཁྱེན་རོང་སྟོན་གྱི་མངོན་མཛོད་རྣམ་བཤད་ཤེས་བྱ་རབ་གསལ་ལས་སོ། །
Domain ཆོས་ལུགས།
རྣམ་སྨིན་གྱི་རྒྱུ་ (2)
Part of speech མིང་ཚིག
Definition རང་གི་འབྲས་བུར་གྱུར་པའི་འཁོར་བའི་རྣམ་སྨིན་གྱི་རྒྱུ་བྱེད་པའི་རབ་ཏུ་ཕྱེ་བའི་ཟག་བཅས་སུ་དམིགས་པ། རྣམ་སྨིན་གྱི་རྒྱུའི་མཚན་ཉིད། མཚན་གཞི་ནི། མི་དགེ་བ་དང་། དགེ་བ་ཟག་བཅས་ལྟ་བུ། རྒྱུ་དྲུག་ཁོ་ནའི་གྲུབ་མཐའ་སྨྲ་བ་ནི་བྱེ་བྲག་ཏུ་སྨྲ་བ་ཁོ་ན་ཡིན་ཏེ། མདོ་སྡེ་པ་ཡན་ཆད་ཀྱིས་བྱེད་རྒྱུ་དང་ལྷན་ཅིག་འབྱུང་བའི་རྒྱུ། མཚུངས་ལྡན་གྱི་རྒྱུ་གསུམ་ཁས་མི་ལེན་པའི་ཕྱིར་ཏེ། དེ་རྣམས་ཀྱིས་རྒྱུ་འབྲས་དུས་མཉམ་པ་ཁས་མི་ལེན་པའི་ཕྱིར།