8098

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
གནས་བཅུ་ (1)
Part of speech མིང་ཚིག
Definition ཕལ་ཆེན་ལེའུ་ཞེ་གསུམ་པ་དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བ་བསྟན་པ་ལས་བྱུང་བ་སྟེ། འདི་ལྟར་ཉམས་པ་མེད་པའི་ཕྱིར། བྱང་ཆུབ་ཀྱི་སེམས་ལ་གནས་པ། ཚོགས་ཀྱིས་ངོམས་པ་མེད་པའི་ཕྱིར། ཕ་རོལ་ཏུ་ཕྱིན་པ་ལ་གནས་པ། ཤེས་རབ་ཤིན་ཏུ་སྦྱངས་པའི་ཕྱིར། ཆོས་ཀྱི་གཏམ་ལ་གནས་པ། བསམ་གཏན་ཆེན་པོ་ཁོང་དུ་ཆུད་པར་བྱ་བའི་ཕྱིར། བས་མཐའ་དགོན་པ་ལ་གནས་པ། བྱ་བ་ཉུང་བའི་ཕྱིར། ཐམས་ཅད་མཁྱེན་པ་ཉིད་དང་མཐུན་པའི་སྦྱངས་པའི་ཡོན་ཏན་དང་། ཆོག་ཤེས་པ་དང་། འཕགས་པའི་རྒྱུད་ལ་གནས་པ། ཆོས་ཀྱི་བརྩོན་འགྲུས་རྗེས་སུ་འབྲང་བར་བྱ་བའི་ཕྱིར། ནན་ཏན་ལ་གནས་པ། སངས་རྒྱས་ཀྱི་སྤྱོད་ལམ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། དེ་བཞིན་གཤེགས་པ་བསྙེན་བཀུར་ལ་གནས་པ། ཡེ་ཤེས་ཆེན་པོ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། མངོན་པར་ཤེས་པས་འབྱུང་བ་ལ་གནས་པ། ལུང་བསྟན་པ་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། བཟོད་པ་ཐོབ་པ་ལ་གནས་པ། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར། སྙིང་པོ་བྱང་ཆུབ་ལ་གནས་པ།
Domain ཆོས་ལུགས།

{{#arraymap:གནས་བཅུ་

|; |@@@ | | }}

གནས་བཅུ་ (2)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག མདོ་དགོངས་པ་འདུས་པར་འདུ་ཤེས་གནས་འགྱུར་བའི་གནས་བཅུ་སྟེ། འདོད་པ་གྲུབ་པ་མཐར་ཕྱིན་པའི་གནས། བརྟེན་པ་གྲུབ་པ་ལམ་གྱི་གནས། བཟོད་པ་གྲུབ་པ་འཕགས་པའི་གནས། བཟོད་པ་གྲུབ་པ་སློབ་པའི་གནས། བསླབ་པ་གྲུབ་པ་སྤྱིར་ཆིབ་པའི་གནས། བདེན་པ་གྲུབ་པ་ཡང་དག་པའི་གནས། ལས་སུ་རུང་བ་སྦྱོར་བའི་གནས། གདེང་དུ་གྱུར་པ་ཆོས་ཉིད་ཀྱི་གནས། ལྷུན་གྱིས་གྲུབ་པ་མཉམ་པའི་གནས། འབྲས་བུ་གྲུབ་པ་རྫོགས་པའི་གནས་དང་བཅུའོ། །

{{#arraymap:གནས་བཅུ་

|; |@@@ | | }}