80982

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་སྨིན་ཡིན་མིན་གྱི་དབང་པོ་ (1)
Part of speech མིང་ཚིག
Definition མདོ། མངོན་པ། སྲོག་གི་དབང་པོ་ནི་རྣམ་སྨིན་ཡིན་ཏེ། མཐོ་རིས་ཀྱི་སྲོག་ནི་དགེ་བའི་རྣམ་སྨིན་དང། ངན་སོང་གི་སྲོག་ནི་མི་དགེ་བའི་རྣམ་སྨིན་ཡིན་པའི་ཕྱིར་རོ། །གཟུགས་ཅན་གྱི་དབང་པོ་བདུན་དང། ཡིད་ཀྱི་དབང་པོ་དང། ཡིད་མི་བདེ་མ་གཏོགས་པའི་ཚོར་བ་གཞན་བཞིའི་དབང་པོ་སྟེ་བཅུ་གཉིས་ལ་རྣམ་སྨིན་ཡིན་མིན་གཉིས་གཉིས་སུ་ཡོད་དེ། གཟུགས་ཅན་བདུན་ལ་སྔོན་གྱི་ལས་ཀྱི་རྣམ་སྨིན་ལས་བྱུང་བ་ནི་རྣམ་སྨིན་སྐྱེས་དང། ཚེ་འདིར་ལེགས་སྤྱད་དང་ཏིང་ངེ་འཛིན་གྱི་མཐུ་ལས་བྱུང་བ་རྣམས་ནི་རྒྱས་བྱུང་ཡིན་པས་རྣམ་སྨིན་མ་ཡིན་ལ། ཡིད་དང་ཚོར་བ་གཞན་བཞི་ལ་ཡང་ལུང་མ་བསྟན་ཡིན་པ་རྣམས་ནི་རྣམ་སྨིན་སྐྱེས་དང། དགེ་མི་དགེ་གང་རུང་དུ་གྱུར་པ་རྣམས་ནི་རྣམ་སྨིན་མ་ཡིན་ནོ། །དད་པའི་དབང་པོ་སོགས་དབང་པོ་ཐ་མ་བརྒྱད་དང་ཡིད་མི་བདེ་བའི་དབང་པོ་ནི་རྣམ་སྨིན་མ་ཡིན་པ་ཁོ་ན་ཡིན་ཏེ། དད་པའི་དབང་པོ་སོགས་བརྒྱད་ནི་དགེ་བ་དང། ཡིད་མི་བདེ་བའི་དབང་པོ་ནི་དགེ་བ་དང་མི་དགེ་བར་གང་རུང་དུ་ངེས་པའི་ཕྱིར་རོ་ཞེས་པཎ་ཆེན་ངག་ཆོས་ཀྱི་ཆོས་མངོན་པ་མཛོད་ཀྱི་སྤྱི་དོན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣམ་སྨིན་ཡིན་མིན་གྱི་དབང་པོ་

|; |@@@ | | }}