80991

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣམ་སྲས་གཡང་སྒྲུབ་ཀྱི་མཆོད་གཏོར་ (1)
Part of speech མིང་ཚིག
Definition སྔགས། འབུལ་གཏོར་སེར་པོ་པད་འདབ་མེད་པ་གཅིག་ལ་ཤོས་བུ་བཅུ་གསུམ་གྱིས་སྐོར་བ། གཅིག་ལ་སྦྲུལ་མགོ་ཅན་གཅིག་དགོས། ཚོགས་གཏོར་སེར་པོ་ཡིན། ཕྱཱ་གླུད་གཏོར་མ་ཕྱོགས་སྐྱོང་བཅུ་ལ་བཅུ་དང་རྒྱ་ཆེན་བཞི་ལ་བཞི་བཅས་གཏོར་མ་བཅུ་བཞི་ཅན་ཚར་གཉིས་ཁ་དོག་སེར་པོ་ཡིན། ཕྱེ་མར། ཆང་། གསེར་སྐྱེམས། འོ་མ། བཟེད་སྣོད་བཞི། ཉེར་སྤྱོད་ཆུ་བཞི་ཡིན། བྱུང་ན་བརྒྱ་ཚར། དེ་ལྟར་མ་བྱུང་ན་སྦྱིན་བདག་གི་ལོ་གྲངས་དང་མཉམ་པ། དེ་ལྟར་མ་བྱུང་ན་ཚར་གསུམ། ཕྱཱ་གླུད་གཏོར་མ་དང་ཉེར་སྤྱོད་ཞལ་ཟས་སོགས་ཁ་དོག་སེར་པོ། བགེགས་གཏོར་གཏོར་མ་གསུམ་ཁ་དོག་དཀར་པོ། ཏིང་ལོ། ཆང་བུ། མཐེ་ཀྱུ་བཅས། རྣམ་སྲས་གཡང་སྒྲུབ་གསར་པ་བྱེད་ན། བསེ་རག་སྤུན་དགུ་ལ་འབུལ་གཏོར་གསུམ་དང་ཏིང་ལོ། ཆང་བུ། མཐེ་ཀྱུ་བཅས། མི་ཁའི་རྫས་དང་ཟ་ལྷག་འཐུངས་ལྷག འབྲུ་བྲ་བོ། གསེར་སྐྱེམས་ཆ་ཚང་།
Domain ཆོས་ལུགས།

{{#arraymap:རྣམ་སྲས་གཡང་སྒྲུབ་ཀྱི་མཆོད་གཏོར་

|; |@@@ | | }}