81007

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་གསུམ་ (1)
Part of speech མིང་ཚིག
Definition སྔགས། སྐུ་ཡི་རྣལ་འབྱོར། གསུང་གི་རྣལ་འབྱོར། ཐུགས་ཀྱི་རྣལ་འབྱོར་རོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་གསུམ་

|; |@@@ | | }}

རྣལ་འབྱོར་གསུམ་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རྙིང་མ། རྣལ་འབྱོར་གསུམ་ནི། ཏིང་ངེ་འཛིན་ལ་ངོ་བོ་དང་དུས་ཀྱི་སྒོ་ནས་དབྱེ་བ་རྣམ་པ་གཉིས་སུ་ཡོད་པ་ལས། ཕྱི་མ་སྟེ། བྱིན་གྱིས་བརླབ་པའི་རྣལ་འབྱོར་དང་། ཡོངས་སུ་བརྟགས་པའི་རྣལ་འབྱོར་དང་། རྫོགས་པའི་རྣལ་འབྱོར་གསུམ་མོ། །དེ་ཡང་འོད་གསལ་སྙིང་པོ་ལས། གཉིས་པ་ནི་བྱིན་གྱིས་བརླབ་པའི་རྣལ་འབྱོར། ཡོངས་སུ་བརྟགས་པའི་རྣལ་འབྱོར། རྫོགས་པའི་རྣལ་འབྱོར་གསུམ་སྟེ། དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་དོན་གྱི་ལྷ་དང་། དེའི་དབང་གིས་སྣང་བ་གཟུགས་སྐུ་རྟགས་ཀྱི་ལྷ་སྟེ། དེ་ལྟ་བུའི་ལྷ་ལ་དམིགས་པ་ན་བདག་གི་དེ་ཁོ་ན་ཉིད་ལ་ལྷའི་དེ་ཁོ་ན་ཉིད་ཀྱིས་བྱིན་གྱིས་བརླབས་ཤིང་བསྒོམས་ན་ལྕགས་ལ་གསེར་འགྱུར་གྱི་རྩི་བཏང་བ་བཞིན་དུ་ཤེས་ནས་མོས་པས་བསྒོམ་པ་དང་པོ་དང་། གསེར་སོགས་བཞུས་པ་ལས་སྐུ་གཟུགས་བྱེད་པ་བཞིན་བྱང་ཆུབ་ཀྱི་སེམས་དག་པ་ལས་གཟུགས་སྐུ་སྐྱེད་པར་ཤེས་ནས་ལས་སུ་རུང་བའི་ཚུལ་གྱིས་བསྒོམ་པ་གཉིས་པ་དང་། ཆུ་དྭངས་པར་གཟུགས་བརྙན་འཆར་བ་རྩོལ་བ་མེད་པ་བཞིན་རང་བཞིན་དག་པར་རྟོགས་པའི་རྣལ་འབྱོར་པས་ཏིང་ངེ་འཛིན་སྐད་ཅིག་མས་རྫོགས་པ་གསུམ་པ་སྟེ། འདི་གསུམ་གྱིས་སྔགས་མཐའ་དག་བསྡུས་ཤིང་། དེར་མ་ཟད་མཚན་ཉིད་ཐེག་པ་ཉན་ཐོས་སེམས་ཙམ་དབུ་མ་ཡང་བསྡུས་པ་རྣམ་སྣང་སྒྱུ་འཕྲུལ་ལས་གསུངས་པ་བཞིན་ནོ། །ཞེས་གསུངས། འདི་ལ་མཚན་བཅས་ཀྱི་རྣལ་འབྱོར་གསུམ་ཡང་གསུངས། །

{{#arraymap:རྣལ་འབྱོར་གསུམ་

|; |@@@ | | }}