81009
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། ཕྱིའི་བྱ་བ་ལ་མི་ལྟོས་པར་ནང་གི་རྣལ་འབྱོར་ཁོ་ན་གཙོ་བོར་བྱེད་ཅིང་། བསྒོམ་པའི་ལྷ་མོ་དང་བལྟ་རྒོད་སོགས་ཀྱི་ཆགས་པ་ལམ་བྱེད་ནུས་པར་མ་ཟད། དངོས་ཀྱི་ཕྱག་རྒྱ་དང་དབང་པོ་གཉིས་སྦྱོར་གྱི་བདེ་བ་ལམ་བྱེད་ནུས་པའི་གདུལ་བྱ་དེ་ལྟ་བུའི་ཆགས་པ་ལམ་བྱེད་སྟོན་པ་དང་། རྣལ་འབྱོར་དེ་ལས་གོང་ན་མེད་པས་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དང་བཞི་གསུངས་པ་ནི། གུར་ལས། དམན་པ་རྣམས་ལ་བྱ་བའི་རྒྱུད། ཅེས་སོགས་དང་། ཁ་སྦྱོར་ལས། རྒོད་དང་བལྟ་དང་ལག་བཅངས་དང་། ། སོགས་ཀྱི་དགོངས་པ་དང་། སྲིན་བུ་ཚུལ་གྱིས་རྒྱུད་བཞི་གནས། །ཞེས་པ་ཤིང་ལས་སྐྱེས་པའི་སྲིན་བུས་ཤིང་ཟོས་ནས་ཟད་པར་བྱེད་པ་ལྟར། ཆགས་སོགས་ལས་སྐྱེས་པའི་ལྷན་སྐྱེས་ཀྱི་བདེ་བ་ཆེན་པོའི་ཡེ་ཤེས་ཀྱིས་ཆགས་སོགས་ཟད་པར་བྱེད་པའི་དོན་ཡིན། |
| Domain | ཆོས་ལུགས། |