81015
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། རྙིང་མ། རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ནི། གསང་སྔགས་ཀྱི་བསླབ་པའི་མཐའ་དྲུག་ལ་བསླབས་ཤིང་ཤེས་རབ་དང་ཏིང་ངེ་འཛིན་གྱི་ཡོ་བྱད་གཉིས་ལ་དབང་བའི་སྐྱེས་བུ་སྟེ། བཀའ་བརྒྱད་རྣམ་བཤད་ལས། གསང་སྔགས་བཀའི་ཐ་རམ་ལས། མཐའ་དྲུག་ལ་བསླབ་ཅིང་ཡོ་བྱད་གཉིས་ལ་ལོངས་སྤྱོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཞེས་བྱའོ༔ ཞེས་དང་། བཀའ་བརྒྱད་རྣམ་བཤད་ལས། མཐའ་དྲུག་ལ་བསླབ་ཅིང་ཤེར་ཏིང་གི་ཡོ་བྱད་གཉིས་ལ་ལོངས་སྤྱོད་པ་ནི་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོའོ། །ཞེས་གསུངས། |
| Domain | ཆོས་ལུགས། |