81025

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ གཞི་འགག་པ་ནི། རྣལ་འབྱོར་དང་ཡིད་ལ་བྱེད་པ་བསྒོམ་པ་ལ་རྗེས་སུ་བརྩོན་པའི་གནས་ངན་ལེན་དང་ལྡན་པའི་གཞི་གང་ཡིན་པ་དེ་ནི་རིམ་གྱིས་འགག་པའོ། ། ༢ གཞི་འཕོ་བ་ནི། ཤིན་ཏུ་སྦྱངས་པ་དང་ལྡན་པ་ནི་གཞི་འཕོ་བ་སྟེ། གཞི་འགག་པ་དང༌། གཞི་འཕོ་བ་དེ་ནི་རྣལ་འབྱོར་དུ་བྱ་བ་ཡིན་ནོ། ། ༣ དམིགས་པ་ཡོངས་སུ་ཤེས་པ་ནི། དམིགས་པ་ཡོངས་སུ་ཤེས་པ་དང་། དམིགས་པ་ལ་མངོན་པར་དགའ་བ་ཞེས་བྱ་བ་ལ་དམིགས་པ་ཡོངས་སུ་ཤེས་པ། ༤ དམིགས་པ་ལ་མངོན་པར་དགའ་བ་ནི། དམིགས་པ་ལ་མངོན་པར་དགའ་བ་ནི་གཞི་འགག་པ་དང༌། གཞི་འཕོ་བའི་སྔོན་དུ་འགྲོ་ཞིང་དམིགས་པ་ཡོངས་སུ་ཤེས་པ་དང༌། དམིགས་པ་ལ་མངོན་པར་དགའ་བ་གང་ཡིན་པའི་དབང་དུ་བྱས་ནས། གཞི་འགག་ཅིང་འཕོ་བ་ཡང་ཡོད་དོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་གྱི་རྣལ་འབྱོར་དུ་བྱ་བ་རྣམ་པ་བཞི་

|; |@@@ | | }}