81028

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་གྱི་ས་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་དེ་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང་པོ་དང༌། གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་མཁྱེན་པ་དེ། གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས་གཉིས་པའི་མཚན་ཉིད། སྟོང་ཉིད་རྟོགས་པའི་མཁྱེན་པ་སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་གསུམ་པའི་མཚན་ཉིད་ཡིན་ནོ། །གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང་པོ་ཡིན་ན། གང་ཟག་གི་བདག་འཛིན་གྱི་གཉེན་པོའི་རིགས་སུ་གནས་པས་ཁྱབ། གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས་ཡིན་ན། གཟུགས་ཕུང་ཕྱི་རོལ་དོན་འཛིན་གྱི་རྟོག་པའི་གཉེན་པོའི་རིགས་སུ་གནས་པས་ཁྱབ། སྤྲོས་བྲལ་རྟོགས་པའི་རྣལ་འབྱོར་གྱི་ས་གསུམ་པ་ཡིན་ན། བདེན་འཛིན་གྱི་གཉེན་པོའི་རིགས་སུ་གནས་པས་ཁྱབ་བོ། །འདིར་བསྟན་རྣལ་འབྱོར་གྱི་ས་དང་པོ་ཡིན་ན། གང་ཟག་གི་བདག་འཛིན་གྱི་གཉེན་པོའི་རིགས་སུ་གནས་པས་ཁྱབ་ཅིང༌། འདིར་བསྟན་རྣལ་འབྱོར་གྱི་ས་གསུམ་པ་ཡིན་ན་ཡང༌། བདེན་འཛིན་གྱི་གཉེན་པོའི་རིགས་སུ་གནས་པས་ཁྱབ་བོ། །རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱར་གྱུར་པའི་བྱང་སེམས་སོ་སྐྱེའི་རྒྱུད་ཀྱི་གང་ཟག་གི་བདག་མེད་རྟོགས་པའི་མཁྱེན་པ་འདིར་བསྟན་རྣལ་འབྱོར་གྱི་ས་དང་པོ་ཡིན། དེའི་རྒྱུད་ཀྱི་གཟུགས་ཕུང་ཕྱི་རོལ་དོན་གྱིས་སྟོང་པར་རྟོགས་པའི་མཁྱེན་པ་དང༌། གཟུགས་ཕུང་ཤེས་པའི་བདག་ཉིད་དུ་རྟོགས་པའི་མཁྱེན་པ་གཉིས་རེ་རེ་ནས་འདིར་བསྟན་རྣལ་འབྱོར་གྱི་ས་གཉིས་པ་ཡིན། དེའི་རྒྱུད་ཀྱི་སྟོང་ཉིད་རྟོགས་པའི་མཁྱེན་པ་འདིར་བསྟན་རྣལ་འབྱོར་གྱི་ས་གསུམ་པ་ཡིན་ནོ། །འདིར་བསྟན་རྣལ་འབྱོར་གྱི་ས་དང་པོ་དེ་ལ་དབྱེ་ན། ཁོ་རང་ཡིན་པར་གྱུར་པའི་བསམ་བྱུང་གི་རིག་པ་དང་སྒོམ་བྱུང་གི་རིག་པ་གཉིས་ཡོད།
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་གྱི་ས་

|; |@@@ | | }}