81029

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་གྱི་ས་གསུམ་ (1)
Part of speech མིང་ཚིག
Definition མདོ། ཕར་ཕྱིན། རྣལ་འབྱོར་གྱི་ས་གསུམ་ནི་ཐེག་པ་གསུམ་གྱི་རྟོགས་རིགས་སོ་སོར་སྒོམ་པའི་ཤེས་རབ་ཅིག་ལ་འཇོག་པ་ཡིན་ཏེ། གང་ཟག་བདག་མེད་རྟོགས་པའི་ཤེས་རབ་དང། གཟུང་འཛིན་གཉིས་སྟོང་རྟོགས་ཤེས་རབ་དང་། ཆོས་ཐམས་ཅད་བདེན་མེད་རྟོགས་པའི་ཤེས་རབ་བཅས་གསུམ་ལ་རྣལ་འབྱོར་གྱི་ས་གསུམ་ཞེས་པའོ། །དེ་གསུམ་ནི། པཎ་ཆེན་ཕར་ཕྱིན་སྤྱི་དོན་ལས། དེ་ལྟར་ན་སྐབས་འདིར་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་དང། གཟུང་འཛིན་གཉིས་སྟོང་རྟོགས་པའི་རྣལ་འབྱོར་གྱི་ས་དང། ཆོས་ཐམས་ཅད་བདེན་མེད་དུ་རྟོགས་པའི་རྣལ་འབྱོར་གྱི་ས་དང་གསུམ་བསྟན་ཅིང། དེ་ཡང་དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་བྱང་སེམས་ཀྱི་མཁྱེན་པའི་དབང་དུ་བྱས་པ་ཡིན་ཏེ། དང་པོ་ཉིད་ནས་ཐེག་ཆེན་དུ་རིགས་ངེས་པའི་རྒྱན་གྱི་ཆེད་དུ་བྱ་བའི་གདུལ་བྱས་འབྲས་བུ་བྱང་ཆེན་ཐོབ་པར་བྱ་བའི་ཕྱིར་དུ། ལམ་ཉམས་སུ་ལེན་པའི་རིམ་པ་སྟོན་པ་སྐབས་སུ་བབས་པའི་ཕྱིར་རོ། །སྔ་རབས་པ་ཕལ་ཆེ་བ་སྐབས་འདིར་རྣལ་འབྱོར་གྱི་ས་ལ་གང་ཟག་གི་བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས། གཟུང་མེད་རྟོགས་པའི་རྣལ་འབྱོར་གྱི་ས། འཛིན་མེད་རྟོགས་པའི་རྣལ་འབྱོར་གྱི་ས། བདག་མེད་རྟོགས་པའི་རྣལ་འབྱོར་གྱི་ས་ཞེས་བཞིའི་ཐ་སྙད་བྱས་ནས་ལྟ་བ་བར་པ་གཉིས་ལ་རྟོགས་དཀའ་སླ་ཡོད་པར་བཞེད་པ་མི་འཐད་པ་ཁོ་ན་ཏེ། རྣལ་འབྱོར་གྱི་ས་གཉིས་པའི་སྐབས་སུ་བསྟན་པའི་ལྷན་ཅིག་དམིགས་ངེས་ཀྱི་རྟགས་ཀྱིས་སྔོན་པོ་དང་སྔོར་སྣང་དབང་ཤེས་རྫས་གཞན་གྱིས་སྟོང་པར་གཏན་ལ་ཕབ་པའི་ལྟ་བ་ལས་མཆོག་ཏུ་གྱུར་པ་རྣལ་འབྱོར་གྱི་ས་གསུམ་པའི་སྐབས་སུ་བསྟན་པ་མེད་པའི་ཕྱིར་དང། དེར་ཡང་རྩོད་པ་མཚུངས་ཕྱིར་དང། ཞེས་ཕྱི་རོལ་ཡུལ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁེགས་ན་ནང་ཤེས་པ་ལ་ལྟོས་པའི་གཟུང་འཛིན་རྫས་གཞན་ཁེགས་དགོས་པར་གསུངས་པའི་ཕྱིར། ཞེས་གསུངས། ལེགས་བཤད་གསེར་ཕྲེང་ལས། རྣལ་འབྱོར་གྱི་ས་བཞིའི་རྣམ་གཞག་མཛད་པ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་གྱི་ས་གསུམ་

|; |@@@ | | }}