81038

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་སྒྲུབ་པའི་དམིགས་པ་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྣལ་འབྱོར་ཆེན་པོ་རྒྱུད་དུ་ནི། །དག་པ་གསུམ་གྱི་རང་བཞིན་བཤད། །འདི་ཡི་ལུང་རིགས་མན་ངག་རྣམས། །བླ་མའི་ཞལ་ལས་ལེགས་པར་དྲིས། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། རྣལ་འབྱོར་ཆེན་པོའི་རྒྱུད་དུ་ནི། དེ་བཞིན་ཉིད་ཀྱི་དག་པ་ཆོས་ཐམས་ཅད་རང་བཞིན་གྱིས་སྟོང་པ་ཉིད་ཡིན་པ་དང། ལྷ་སོ་སོའི་དག་པ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་ལྷར་བསྒོམ་པ་དང། རང་རིག་པའི་དག་པ་དེ་ཐམས་ཅད་བདེ་ཆེན་ཡེ་ཤེས་སུ་བསྒྱུར་བ་སྟེ། དག་པ་གསུམ་གྱི་རང་བཞིན་བཤད་དེ། ཀྱེ་རྡོ་རྗེ་ལས། ངེས་པར་དངོས་པོ་ཐམས་ཅད་ཀྱི། །དག་པ་དེ་བཞིན་ཉིད་དུ་བརྗོད། །ཕྱི་ནས་རེ་རེའི་དབྱེ་བ་ཡིས། །ལྷ་རྣམས་ཀྱིས་ནི་བརྗོད་པར་བྱ། །ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་ཆེན་པོ་རྒྱུད་ཀྱི་སྒྲུབ་པའི་དམིགས་པ་

|; |@@@ | | }}