81042

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་ཆེན་པོའི་རྒྱུད་ (1)
Part of speech མིང་ཚིག
Definition སྔགས། བླ་མེད། རྒྱུད་སྡེ་བཞིའི་བཞི་པ་སྟེ་བླ་མེད་ཀྱི་རྒྱུད།
Domain ཆོས་ལུགས།
རྣལ་འབྱོར་ཆེན་པོའི་རྒྱུད་ (2)
Part of speech མིང་ཚིག
Definition མ་ཧཱ་ཡོ་ག རྣལ་འབྱོར་ཆེན་པོའི་རྒྱུད་ནི། རྣལ་འབྱོར་རྒྱུད་ལ་རྣལ་འབྱོར་དང་། རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་མཆོག་གི་རྒྱུད་གསུམ་དུ་ཕྱེ་བའི་སྐབས་ཀྱི་རྣལ་འབྱོར་ཆེན་པོ་སྟེ། མ་ཧཱ་ཡོ་གའི་རྒྱུད་སྡེའོ། །དེ་ཡང་གསང་སྔགས་ལུང་གི་བང་མཛོད་ལས། དེ་ཡང་རྣལ་འབྱོར་ཆེན་པོའི་རྒྱུད་མ་ཧཱ་ཡོ་གའི་ཐེག་པ་ནི༔ རྡོ་རྗེ་འཛིན་པ་དང་༔ རྡོ་རྗེ་ཆོས་ཀྱིས་ཞུས་ནས༔ བཅོམ་ལྡན་འདས་དཔལ་ཆེན་པོའམ༔ རྣམ་པར་སྣང་མཛད་ལྟ་བུར་སྤྲུལ་ནས༔ གླང་པོ་ཆེ་རབ་འབོག་གི་ཏནྟྲ༔ ཟ་བྱེད་རོལ་པའི་ཏནྟྲ༔ སྟོབས་པོ་ཆེ་ཡོངས་གྲོལ་གྱི་ཏནྟྲ༔ གཞན་ཡང་ཏནྟྲ་སྡེ་བཅོ་བརྒྱད་ལ་སོགས་ཏེ༔ མ་ཧཱ་ཡོ་གའི་ཆོས་ཐམས་ཅད་བཀའ་བསྩལ་ཏོ༔ ཞེས་གསུངས། གཞན་ཡང་། རྣལ་འབྱོར་ཆེན་པོའི་རྒྱུད་ནི། སྤྱིར་རྣལ་འབྱོར་གྱི་རྒྱུད་ལ་རྣལ་འབྱོར་དང་རྣལ་འབྱོར་ཆེན་པོ་གཉིས་སུ་རྣམ་པར་ཕྱེ་བའི་སྐབས་ལ་ནང་རྒྱུད་སྡེ་གསུམ་གར་འཇུག་པའང་ཡོད་དེ། ཕྱོགས་བཅུའི་མུན་སེལ་ལས། སྐུ་གསུང་ཐུགས་ཀྱི་གསང་བ་གསལ་པོར་སྟོན་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པའི་བློ་ཅན་ཐེག་པ་འོག་མ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་གསང་བའོ། །དབྱེ་ན། བསྐྱེད་རིམ་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། རྫོགས་རིམ་གཙོ་བོར་སྟོན་པ་མའི་རྒྱུད་དང་། ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དོ། །ཞེས་གསུངས།
རྣལ་འབྱོར་ཆེན་པོའི་རྒྱུད་ (2)
Part of speech མིང་ཚིག
Definition རྣལ་འབྱོར་ཆེན་པོའི་བརྒྱུད་ནི་རྣལ་འབྱོར་བླ་མེད་ཀྱི་རྒྱུད་དམ་ནང་རྒྱུད་སྡེ་གསུམ་པོ་སྟེ། ཕྱོགས་བཅུའི་མུན་སེལ་ལས། སྐུ་གསུང་ཐུགས་ཀྱི་གསང་བ་གསལ་པོར་སྟོན་པ་ནི་རྣལ་འབྱོར་ཆེན་པོའི་རྒྱུད་དེ། དངོས་པོ་ལ་མངོན་པར་ཞེན་པའི་བློ་ཅན་ཐེག་པ་འོག་མ་རྣམས་ལ་བསྟན་པར་བྱ་བ་མ་ཡིན་པས་གསང་བའོ། །དབྱེ་ན། བསྐྱེད་རིམ་གཙོ་བོར་སྟོན་པ་ཕའི་རྒྱུད་དང་། རྫོགས་རིམ་གཙོ་བོར་སྟོན་པ་མའི་རྒྱུད་དང་། ཟུང་འཇུག་གཙོ་བོར་སྟོན་པ་གཉིས་སུ་མེད་པའི་རྒྱུད་དོ། །ཞེས་གསུངས། །