81049

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་ཆོས་གཡུང་ (1)
Part of speech མིང་ཚིག
Definition རབ་བྱུང་གཉིས་པའི་ལྕགས་འབྲུག་ཕྱི་ལོ་ ༡༡༠༠ ལོར་ཀླུངས་ཤོད་རོང་གི་ངལ་མདའ་ལ་ཡབ་ཡོ་མི་ཀླུ་ཕྱུག་གི་སྲུས་སུ་འཁྲུངས། ཆུང་དུས་ནས་ཡི་གེའི་འབྲི་ཀློག་མཁས་པར་སྦྱངས། བཤེས་གཉེན་མང་པོ་ལས་གཞུང་ཆེན་ལྔ་མཁས་པར་སྦྱངས། བཅུ་དགུ་པར་བྱ་ཡུལ་བ་ཆེན་པོ་གཞོན་ནུ་འོད་ལས་རབ་ཏུ་བྱུང་། ཐུན་མིན་གྱི་གདམས་ངག་མང་དུ་གསན། ཉེར་གཉིས་པར་རྗེ་སྒམ་པོ་བ་དང་མཇལ། རྒྱུད་ཀྱི་དབང་ལུང་ཁྲིད་གསུམ་ཞུས། སྒམ་པོ་སྐུ་མཆེད་བཞུགས་རིང་སློབ་མའི་ཚོགས་པ་མ་བསྐྱངས། ལོ་ངོ་བདུན་རིང་ཚོགས་པ་བསྐྱངས། རབ་བྱུང་གསུམ་པའི་མེ་བྱ་ཕྱི་ལོ་ ༡༡༧༧ ལོར་སྐུ་གཤེགས། དྭགས་པོ་ལྷ་རྗེའི་སློབ་མ་གྲུབ་ཆེན་བཞིའི་ཡ་གྱལ་ཞིག་ཡིན།

{{#arraymap:རྣལ་འབྱོར་ཆོས་གཡུང་

|; |@@@ | | }}