81050

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་ཉམས་པ་རྣམ་པ་བཞི་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་ས་ལས་ཉན་ཐོས་ཀྱི་ས་ལས་བྱུང་བ་སྟེ། ༡ རྣལ་འབྱོར་ཉམས་པ་གཏན་དུ་བ་ཡང་ཡོད་པ་ནི། གང་ཟག་རིགས་མེད་པ་ལ་གནས་པ་རྣམས་ཀྱི་ཡིན་པར་རིག་པར་བྱ་སྟེ། དེ་དག་ནི་ཡོངས་སུ་མྱ་ངན་ལས་མི་འདའ་བའི་ཆོས་ཅན་ཡིན་པའི་ཕྱིར། རྣལ་འབྱོར་ལས་གཏན་དུ་ཉམས་པ་ཁོ་ན་ཡིན་ནོ། ། ༢ རེ་ཞིག་པ་ཡང་ཡོད་པ་ནི། འདི་ལྟ་སྟེ། གང་ཟག་རིགས་ལ་གནས་པ་ཡོངས་སུ་མྱ་ངན་ལས་འདའ་བའི་ཆོས་ཅན་རྐྱེན་དང་མི་ལྡན་པ་རྣམས་ཀྱི་ཡིན་ཏེ། དེ་དག་ནི་ཤིན་ཏུ་རིང་དུ་སོང་ཡང་གདོན་མི་ཟ་བར་རྐྱེན་བསྒྲུབ་པར་འགྱུར་ཞིང༌། རྣལ་འབྱོར་ཡང་མངོན་དུ་བྱས། གོམས་པར་བྱས་ནས་ཡོངས་སུ་མྱ་ངན་ལས་འདའ་པར་འགྱུར་ཏེ། དེའི་ཕྱིར་དེ་ནི་དེ་དག་གི་རྣལ་འབྱོར་ཉམས་པ་རེ་ཞིག་པ་ཡིན་ནོ། ། ༣ ཐོབ་པ་ལས་ཡོངས་སུ་ཉམས་པ་ཡང་ཡོད་པ་ནི། འདི་ལྟར་འདི་ན་ལ་ལ་ཐོབ་པ་དང༌། རྟོགས་པ་དང་། ཡེ་ཤེས་དང༌། མཐོང་བ་དང༌། རེག་པ་ལས་ཡོངས་སུ་ཉམས་པ་ཡིན་ནོ། ། ༤ ལོག་པར་སྒྲུབ་པས་བྱས་པ་ཡང་ཡོད་པ་ནི། འདི་ལྟར་འདི་ན་ལ་ལ་ཚུལ་བཞིན་མ་ཡིན་པ་ལ་རབ་ཏུ་བརྩོན་པར་བྱེད་པ་ན། རྣལ་འབྱོར་ཐོབ་པར་མི་འགྱུར་ཞིང་རིགས་པའི་ཆོས་དགེ་བ་ཐོབ་པར་མི་འགྱུར་བ་སྟེ། དེ་ནི་ལོག་པར་སྒྲུབ་པ་ཁོ་ན་ཡིན་པར་རིག་པར་བྱའོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་ཉམས་པ་རྣམ་པ་བཞི་

|; |@@@ | | }}