81056

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་དྲི་མེད་སྤྱོད་པ་ (1)
Part of speech མིང་ཚིག
Definition གསང་སྔགས་ཀྱི་ལྟ་སྤྱོད་ལས་གོལ་བའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར་སྔགས་ཀྱི་ཚུལ་རྟགས་འཛིན་ཅིང་ལྟ་བའི་གདེངས་མེད་པའི་རྣལ་འབྱོར་པ་དྲི་མེད་སྤྱོད་པ་ཞེས་པ་འདི་ཉིད། སྔར་བྱུང་བའི་མཁས་པའི་རིགས་རྒྱུད་བཟང་པོའི་རྗེས་སུ་བྱུང་ཙམ་རྒྱུ་མཚན་བྱས་ནས་མཁས་པའི་རིགས་རྒྱུད་འཛིན་པའི་དཔོན་དུ་བསྟབས་ནས་མང་པོས་སློབ་དཔོན་བཀུར། ཚུལ་དེས་རང་ལ་ཆེ་བའི་དྲེགས་པ་སྐྱེས་ནས་མི་ཤེས་བཞིན་གསང་བའི་ལྟ་སྤྱོད་ལོག་པའི་འཇོལ་ཉོག་ཏུ་སྤྱོད་པས་འཁོར་དང་བཅས་པ་རུ་ཏྲར་ལྟུང་བའི་སྐོར། མདོ་དགོངས་པ་འདུས་པར་གསང་སྔགས་མི་ཤེས་པར་རས་ཆོད་ཀྱི་ཚུལ་བཅོས་སྤྱད་ནས་ལྟུང་བའི་གཏམ་རྒྱུད་དུ་བྱུང་བ་ལྟར་རོ། །