81058

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་དྲུག་གི་ཆིངས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། གང་དུ་བསྒོམ་པ་གནས་ཀྱི་དེ་ཉིད་ནས་བཟུང་སྟེ་ཡེ་ཤེས་ཙམ་ལ་སྙོམས་པར་འཇུག་པའི་བར་ནི་རྣལ་འབྱོར་དང་། ས་བོན་ཕྱག་མཚན་སྐུ་རྫོགས་པ་ལས་བྱང་ཆུབ་པ་གསུམ་ནི་རྗེས་སུ་རྣལ་འབྱོར་དང་། དང་པོའི་མགོན་པོ་སྤྲུལ་སྐུ་རྡོར་སེམས་སུ་བསྒྱུར་བ་ནས་ཡན་ལག་ཁྲོ་བོར་བསྒོམ་པའི་དེ་ཉིད་ཀྱི་བར་ནི་ཤིན་ཏུ་རྣལ་འབྱོར་དང་། སྐུ་བྱིན་རླབས་ནས་མཆོད་པའི་དེ་ཉིད་ཀྱི་བར་ནི་རྣལ་འབྱོར་ཆེན་པོ་དང་། རྣལ་འབྱོར་ཡན་ལག་དྲུག་ཏུ་བྱེད་ན་དེའི་སྟེང་དུ་དཀྱིལ་འཁོར་རྒྱལ་མཆོག་དང་ལས་རྒྱལ་མཆོག་གཉིས་བསྣན་པས་རྣལ་འབྱོར་ཡན་ལག་དྲུག་ཏུ་འགྱུར་བ་ཡིན་ནོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་དྲུག་གི་ཆིངས་

|; |@@@ | | }}