From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
གནས་བཞི་ (1)
| Part of speech
|
མིང་ཚིག
|
| Definition
|
ཐམས་ཅད་གཡོགས་ཤིང་ཐམས་ཅད་བསྐོར་བ་ནི། གནས་ཁང་ངམ། འཁོར་གྱི་ཁུམས་སམ། ཁང་པ་རྩེག་མ་དག་གོ །ཐམས་ཅད་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི། ཁྱམས་ཟླུམ་པོའམ། རིམ་གྲོའི་གནས་དག་གོ །ཐམས་ཅད་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་མ་བསྐོར་བ་ནི། ཁྱམས་ངོས་གསུམ་པ་དག་གོ །ཐམས་ཅད་ཕལ་ཆེར་གཡོགས་ཤིང་ཕལ་ཆེར་བསྐོར་བ་ནི། ཁྱམས་ངོས་བཞི་པ་རྣམས་དང་བཞིའོ། །
|
| Domain
|
ཆོས་ལུགས།
|
གནས་བཞི་ (2)
| Part of speech
|
མིང་ཚིག
|
| Definition
|
ཁྱིམ་ན་གནས་པ། ཚངས་པར་སྤྱོད་པ་ལ་གནས་པ། ནགས་ཁྲོག་ན་གནས་པ། སློང་བ་པའོ། །
|
གནས་བཞི་ (3)
| Part of speech
|
མིང་ཚིག
|
| Definition
|
ལུས་ཀྱི་གནས། དུས་ཀྱི་གནས། ཡུལ་གྱི་གནས། རླུང་གི་གནས་སོ། །
|
གནས་བཞི་ (4)
| Part of speech
|
མིང་ཚིག
|
| Definition
|
སྔགས། མ་ཧཱ་ཡོ་ག གནས་བཞི་ནི། དཔལ་གསང་བ་སྙིང་པོའི་རྒྱ་ཆེར་འགྲེལ་པ་ལས། ལྷན་ཅིག་འབྱུང་བའི་གནས། དེ་མ་ཐག་པའི་གནས། ས་བོན་གྱི་གནས། དམིགས་པའི་གནས་བཅས་བཞིར་གསུངས་ཏེ། མིག་ནི་ལྷན་ཅིག་འབྱུང་བའི་གནས་སོ། །ཡིད་ནི་དེ་མ་ཐག་པའི་གནས་སོ། །ས་བོན་ཐམས་ཅད་པ་ཀུན་གཞིའི་རྣམ་པར་ཤེས་པ་ས་བོན་གྱི་གནས་སོ། །དམིགས་པའི་གནས་གཟུགས་བསྟན་དུ་ཡོད་པ་ཐོགས་པ་དང་བཅས་པ་སྟེ། ཁ་དོག་དང་དབྱིབས་སོ། །ཞེས་དེ་བཱི་མ་ཧཱ་ཛཱ་ལའི་ཏནྟྲའི་ལུང་དྲངས་ཏེ་གསུངས་ཤིང་། དེ་བཞིན་རྣ་དང་སྣ་དང་ལྕེ་ལའང་སྦྱར་ནས་བསྟན།
|