81080

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་པེ་ན་པ་ཡ་ (1)
Part of speech མིང་ཚིག
Definition གསང་སྔགས་འཆོལ་བར་སྤྱོད་པའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར་རྣལ་འབྱོར་པ་སྔགས་ཀྱི་ཚུལ་ཙམ་ལ་སྤྱོད་པ་པེ་ན་པ་ཡ་ཞེས་བྱ་བ་ཞིག་བྱུང་བ་དེ་ལ་འཁོར་བརྒྱ་ཡི་སྡེ་དང་བཅས་པ། རང་ཉིད་རྩ་བ་ཉམས་ཤིང་དོན་ལ་རྨུགས་བཞིན་དྲེགས་པ་ཆེན་པོའི་ང་རྒྱལ་གྱིས་དོན་ལ་མཁས་པ་དང་ལྡན་པར་བཅོས་ནས་རྡོ་རྗེ་རྒྱལ་པོའི་ཆེ་བ་བླངས་ནས་ང་རྒྱལ་གྱི་རི་བོ་དྲེགས་པས་གནོན་ཞིང་འཁོར་བའི་ལས་ལམ་ལ་སྤྱད་པའི་མཐུས་གཏི་མུག་ཕག་རིགས་ཀྱི་ལུས་སུ་ལྟུང་བའི་སྐོར། མདོ་དགོངས་པ་འདུས་པར་གསང་སྔགས་ཚུལ་འཆོས་སུ་སྤྱད་པས་ལྟུང་བའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་པེ་ན་པ་ཡ་

|; |@@@ | | }}