81091

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་བདེ་སྦྱིན་ (1)
Part of speech མིང་ཚིག
Definition གསང་སྔགས་འཆོལ་བར་སྤྱོད་པའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ཅེས་བྱ་བར་རྣལ་འབྱོར་པ་བདེ་སྦྱིན་ཞེས་བྱ་བ་ཞིག་རང་ཉིད་ལ་རྣལ་འབྱོར་པ་སྟོང་གི་འཁོར་དང་བཅས་པ། རང་ཉིད་གསང་ཆེན་གསང་བ་དམ་པར་ངེས་སོ་ཞེས་ཁས་འཆེ་ཞིང་གསང་བའི་ལས་ལ་སྤྱོད་ཅིང་གཞན་ལའང་སྟོན་པའི་ཚུལ་འཆོས་ཀྱི་ཁྲིད་ནས་ཆགས་སྡ༷ང་གི་བརླང་སྤྱོད་ལ་འཆེལ་བ་སོགས་ལས་ཀྱི་རྣམ་སྨིན་རཀྴ་སྲིན་པོའི་ཁམས་སུ་ལྟུང་བའི་སྐོར། མདོ་དགོངས་པ་འདུས་པར་གསང་སྔགས་ཚིག་ཙམ་ལ་ཁུངས་ཕྱུངས་ནས་ཆགས་སྡང་སྤྱད་པས་ལྟུང་བའི་གཏམ་རྒྱུད་དུ་གསལ་བ་ལྟར་རོ། །

{{#arraymap:རྣལ་འབྱོར་བདེ་སྦྱིན་

|; |@@@ | | }}