81092

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་བཞི་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། དུས་འཁོར་སྦྱོར་དྲུག སོར་བསམ་དབྱིབས་ཀྱི་རྣལ་འབྱོར་ཏེ་གཟུགས་བརྙན་བསྒྲུབ་པའི་ཕྱིར་དང། སྲོག་འཛིན་སྔགས་ཀྱི་རྣལ་འབྱོར་ཏེ། རླུང་དག་པར་བྱེད་པའི་ཕྱིར་དང། རྗེས་དྲན་ཆོས་ཀྱི་རྣལ་འབྱོར་ཏེ་རྣམ་པ་ཐམས་ཅད་ལ་དམིགས་པས་བདེ་བ་དང། དེ་ལས་མི་རྟོག་པ་མཐར་ཕྱིན་པའི་སྟོང་ཉིད་རྟོགས་པའི་ཕྱིར་དང། ཏིང་ངེ་འཛིན་དག་པའི་རྣལ་འབྱོར་ཏེ། སྒྲིབ་པ་རྣམས་སྤོང་བའི་ཕྱིར་རོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་བཞི་

|; |@@@ | | }}

རྣལ་འབྱོར་བཞི་ (2)
Part of speech མིང་ཚིག
Definition དབང་གསུམ་གྱི་ལམ་ཉམས་སུ་བླངས་པས་ཐོག་མར་ཤར་བའི་ཉམས་མྱོང་དེ་རིག་པས་སྐྱེས་བུ་རྣལ་འབྱོར་དང། དེ་ལ་བརྟེན་ནས་དེ་ཉིད་རྗེས་སུ་རིག་ཅིང་འཕེལ་བ་བདག་མེད་པའི་ངོ་བོར་རིག་པ་རྗེས་སུ་རྣལ་འབྱོར་དང། ཐབས་ཤེས་དཀར་དམར་འདུས་ཤིང་བདེ་སྟོང་གི་རོ་མྱོང་བ་ཤིན་ཏུ་རྣལ་འབྱོར་དང། ཡུལ་དང་ཡུལ་ཅན་ཆོས་ཐམས་ཅད་གཉིས་སུ་མེད་པའི་ཡེ་ཤེས་སུ་རོ་གཅིག་པར་གྱུར་པ། སོ་སོ་རང་གིས་རིག་པའི་ཡེ་ཤེས་རྣལ་འབྱོར་ཆེན་པོ་སྟེ་རྫོགས་པའི་རིམ་པ་རྣལ་འབྱོར་བཞི་མཐར་ཕྱིན་པས་ཉི་ཟླའི་རྒྱུ་བ་ཁམས་དང་རླུང་དང་རྣམ་པར་ཤེས་པ་གཅིག་ཏུ་འདྲེེས་ཤིང། དགྲ་ཅན་གྱི་ཁྱིམ་དུ་ཞུགས་པ་ནི་དོན་དམ་དགའ་བའི་རང་བཞིན་གཟུང་འཛིན་ཐམས་ཅད་དང་བྲལ་བ་དངོས་པོ་ཐམས་ཅད་ལ་ཁྱབ་པའི་ཡེ་ཤེས་རྫོགས་པའི་སངས་རྒྱས་ཀྱི་གཟུགས་སུ་སྐྱེ་བ་འདི་ཉིད་ལ་འགྲུབ་པར་ཐེ་ཚོམ་མེད་ཅེས་པའོ་ཞེས་སྤོས་ཁང་པའི་སྡོམ་གསུམ་རྣམ་བཤད་གཞུང་ལུགས་ལེགས་བཤད་ལས་སོ། །

{{#arraymap:རྣལ་འབྱོར་བཞི་

|; |@@@ | | }}

རྣལ་འབྱོར་བཞི་ (3)
Part of speech མིང་ཚིག
Definition རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་གི་རྣལ་འབྱོར། སྒོམ་མེད་རྣལ་འབྱོར། དེ་བཞི་ལམ་ལྔ་དང་དོན་གཅིག་སྟེ། ཚོགས་ལམ་དང་སྦྱོར་ལམ་རྩེ་གཅིག་གི་རྣལ་འབྱོར་དང་དོན་གཅིག མཐོང་ལམ་དང་སྤྲོས་བྲལ་རྣལ་འབྱོར་དང་དོན་གཅིག སྒོམ་ལམ་རོ་གཅིག་རྣལ་འབྱོར་དོན་གཅིག་སྟེ། མི་སློབས་པའི་ལམ་དང་སྒོམ་མེད་ཀྱི་རྣལ་འབྱོར་དོན་གཅིག་གོ།

{{#arraymap:རྣལ་འབྱོར་བཞི་

|; |@@@ | | }}

རྣལ་འབྱོར་བཞི་ (4)
Part of speech མིང་ཚིག
Definition རྣལ་འབྱོར། རྗེས་སུ་རྣལ་འབྱོར། ཤིན་ཏུ་རྣལ་འབྱོར། རྣལ་འབྱོར་ཆེན་པོའོ། །

{{#arraymap:རྣལ་འབྱོར་བཞི་

|; |@@@ | | }}

རྣལ་འབྱོར་བཞི་ (5)
Part of speech མིང་ཚིག
Definition ཨ་ནུ་ཡོ་ག ཚོགས་ལམ་བརྟེན་པ་གཞིའི་སར་ཐོབ་པའི་རྣལ་འབྱོར་བཞི་ནི། བཀའ་སྡོད་ལས་ཀྱི་རྣལ་འབྱོར། ལས་དང་པོའི་རྣལ་འབྱོར། བསླབ་པ་སྦྱོར་བའི་རྣལ་འབྱོར། ངེས་པའི་རྣལ་འབྱོར་རོ། །

{{#arraymap:རྣལ་འབྱོར་བཞི་

|; |@@@ | | }}