81099

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་བཟང་ལྡན་ (1)
Part of speech མིང་ཚིག
Definition གསང་སྔགས་ཀྱི་ལྟ་སྤྱོད་ལས་གོལ་བའི་རྣལ་འབྱོར་པ་ཞིག སྔོན་འདས་པའི་བསྐལ་པ་ཀུན་བཀོད་ལ་སངས་རྒྱས་སྔོན་བྱུང་རྒྱལ་པོ་དེ་ཉིད་སྐུ་མྱ་ངན་ལས་འདས་པའི་འོག་ཏུ། བྲམ་ཟེའི་རིགས་སུ་བྱུང་ཞིང་མིང་ལ་རྣལ་འབྱོར་བཟང་རྒྱན་ཞེས་བྱ་བ། ཚུལ་འཆོས་ཀྱི་སྤྱོད་པས་འཚོ་བར་བྱེད་པ། ལོག་པར་ལྟ་བའི་སྲེད་པ་ཅན་དེས་གཞན་ལ་ལོག་པའི་ཆོས་སྨྲ་ཞིང་རང་ཡང་གཡོ་དང་སྒྱུ་ཡིས་སྤྱོད་པས་འཁོར་མང་པོ་ལོག་པའི་ལམ་དུ་དབང་བསྒྱུར་བ་ཞིག་བྱུང་བར། མདོ་དགོངས་པ་འདུས་པ་ལས། བསྐལ་པ་ཀུན་བཀོད་བྱ་བ་ལ། །སངས་རྒྱས་མངོན་འབྱུང་རྒྱལ་པོ་དེ། །མྱ་ངན་འདས་པར་གྱུར་འོག་ཏུ། །བྱུང་བའི་རྣལ་འབྱོར་བཟང་ལྡན་དེ། །མི་ཤེས་བྱིས་པའི་འཁོར་རྣམས་ལ། །ཚུལ་བཅོས་ལོག་པའི་སྔགས་བསྟན་པས། །ལྔ་བརྒྱའི་འཁོར་དང་བཅས་པ་དེ། །དོན་ལས་གོལ་ཅིང་འཁོར་བར་ལོག ། དེ་འདྲའི་ཚུལ་འབྱུང་དེར་མ་སྤྱོད། །ཅེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་བཟང་ལྡན་

|; |@@@ | | }}