81111

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཉམས་ལེན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་བླ་མེད་རྒྱུད། རྒྱུད་སྡེ་སོ་སོའི་དགོངས་པ་གྲུབ་པའི་དབང་ཕྱུག་རྣམས་ཀྱིས་བཀྲལ་བའི་ཚུལ་ཅུང་ཟད་མི་འདྲ་བ་མང་དུ་ཡོད་པ་ལས། འདིར་ཀྱེ་རྡོ་རྗེའི་རྒྱུད་གསུམ་གྱི་དགོངས་པ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པས་བཀྲལ་བའི་ཚུལ་བརྗོད་ན། དབང་བསྐུར་གྱི་རྗེས་ལ་དབང་གི་ཡེ་ཤེས་དེ་ཉིད་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་ངོ་སྤྲོད་ཅིང། འོག་ཏུ་འབྱུང་བའི་བསྐྱེེད་རྫོགས་ཀྱི་ཉམས་ལེན་ཐམས་ཅད་དེ་དང་དེའི་རྣམ་པར་སྣང་ཡང། རང་གི་ངོ་བོ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་སུ་རྟོགས་པར་བྱ་བའི་ཕྱིར་ལྟ་བ་འཁོར་འདས་དབྱེར་མེད་བསྒོམ་པར་བྱ་སྟེ། ཀྱེ་རྡོ་རྗེ་ལས། ཕྱིས་ནས་དེ་ཉིད་ཡང་དག་བཤད། །རྣམ་དག་ཡེ་ཤེས་གཟུགས་ཅན་དང། །འཁོར་བ་རྣམ་པར་རྟོག་པ་ལ། །ཁྱད་པར་ཅུང་ཟད་ཡོད་མ་ཡིན། །ཞེས་གསུངས་སོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་རྣམ་བཤད་གསུང་རབ་དགོངས་གསལ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་བླ་མེད་རྒྱུད་ཀྱི་ཉམས་ལེན་

|; |@@@ | | }}