81116

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་མ་ཀུན་ཏུ་བཟང་མོ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་མ་ཀུན་ཏུ་བཟང་མོ་མཆོག་ནི། ལོ་བཅུ་གསུམ་གྱི་སྟེང་དུ། མཁས་གྲུབ་མོན་རྫོང་རས་ཆེན་གྱི་དྲུང་དུ་རབ་བྱུང་ཞུས། ཆོས་གདམས་ངག་གི་སྒྲོ་འདོགས་ལེགས་པར་ཆོད་ནས། དབེན་པའི་རི་ཁྲོད་འགྲིམས། འཚོ་བ་དཀའ་ཐུབ་ཆུ་འཐུང་ལ་བརྟེན་ནས། གདམས་པ་ཉམས་སུ་བླངས་པས་ཉམས་རྟགས་དུ་མ་ནང་ནས་ཤར། མོ་ལོ་ཉི་ཤུ་རྩ་ལྔ་ལོན་ནས། བདེ་བར་མ་གཤེགས་ཀྱི་བར་དུ་མཁའ་འགྲོས་ལུང་བསྟན་པ་བཞིན་ཕྱག་ཕྱི་བྱས། བུ་སློབ་དང་སྦྱིན་བདག་རྣམས་ཀྱི་སྣེ་ལེན་དང་། དམིགས་སྐོར། འཁྲུལ་འཁོར། དབང་གདམས་ངག་གི་ཕྱག་ལེན་སྟོན་པ་དང་། སྐུ་ཚེ་བསྲིངས་པ་སོགས་ཀྱིས་ཞབས་ཏོག་མཛད། ཕྱིས་བླ་མ་གཤེགས་ནས་ཀྱང་གདན་ས་བཟུང་ཞིང་ལེགས་པར་བསྐྱངས། བླ་མའི་རྣམ་ཐར་གྱི་ཡིག་ཆ་ཡང་མཛད། ཕྱི་རྟེན་དང་། ནང་རྟེན་བཞེངས། ཟླ་མཆོད་དང་དུས་མཆོད་མ་ཆག་པར་མཛད་དེ། རྗེ་ཉིད་ཀྱི་གདུལ་བྱར་གྱུར་པ་རྣམས་ཀྱིས་ཀྱང་ཕྲིན་ལས་སྒྲུབ་པའི་གྲོགས་མཛད་དོ། །

{{#arraymap:རྣལ་འབྱོར་མ་ཀུན་ཏུ་བཟང་མོ་

|; |@@@ | | }}