From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྣལ་འབྱོར་མངོན་སུམ་ཚད་མ་ (1)
| Part of speech
|
མིང་ཚིག
|
| Definition
|
མངོན་སུམ་ཚད་མའི་ནང་གསེས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལས་བྱུང་ཞིང་རང་ཡུལ་ཡང་དག་པའི་དོན་ལ་རྟོག་བྲལ་མ་འཁྲུལ་བའི་གསར་དུ་མི་བསླུ་བའི་ཤེས་པ།
|
| Example
|
རྣམ་མཁྱེན་དང༌། མཐོང་སྒོམ་མཉམ་བཞག་སྐད་ཅིག་དང་པོ་ལྟ་བུའོ། །
|
| Domain
|
ཚད་མ།
|
རྣལ་འབྱོར་མངོན་སུམ་ཚད་མ་ (2)
| Part of speech
|
མིང་ཚིག
|
| Definition
|
མཁས་གྲུབ་བསྟན་དར་བའི་དབུ་མའི་མཐའ་དཔྱོད་ལས། རང་གི་ཐུན་མོང་མ་ཡིན་པའི་བདག་རྐྱེན་ཞི་ལྷག་ཟུང་འབྲེལ་གྱི་ཏིང་ངེ་འཛིན་ལ་བརྟེན་ནས་དངོས་སུ་སྐྱེས་པའི་རང་ཡུལ་བདེན་པའི་རྣམ་པའམ་བདག་མེ་ཕྲ་རགས་གང་རུང་མངོན་སུམ་དུ་རྟོགས་པའི་རྟོག་བྲལ་གྱི་མི་སླུ་བའི་རིག་པ། རྣལ་འབྱོར་མངོན་སུམ་གྱི་ཚད་མའི་མཚན་ཉིད། མཚན་གཞི། སོ་སྐྱེའི་རྒྱུད་ཀྱི་གང་ཟག་རང་རྐྱ་ཐུབ་པའི་རྫས་ཡོད་འཛིན་པའི་རྟོག་པའི་ཞེན་ཡུལ་མེད་པར་མངོན་སུམ་དུ་རྟོགས་པའི་ཡེ་ཤེས་ལྟ་བུ། ཞེས་གསུངས།
|