81143

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་མཆོག་གི་ངག་གི་སྤྱོད་པ་བཅུ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་འགྲེལ་མུན་པའི་གོ་ཆ་ལས། རྣལ་འབྱོར་ཆེན་པོའི་ངག་སྤྱོད་ནི། ཆོས་དང་མཐུན་པར་བྱ་བའི་ཆེད་དུ་སྙན་པར་སྨྲ་བ་དང༌། དེ་མ་ཡིན་པ་ཁ་གཏོགས་དང་རྟ་གད་མི་བྱ་བ་དང༌། སྨྲ་བ་ཀུན་ཀྱང་ངེས་ཆེ་བར་བྱ་བ་དང༌། སྨྲ་བའི་དོན་ཇི་ལྟ་བར་རྫུན་མེད་པར་སྨྲ་ཞིང་དེ་ལས་ཚིག་ཕྱིས་མི་འགྱུར་བར་བྱ་བ་དང༌། ངག་གིས་ཇི་སྐད་བརྗོད་པ་ལྟར་དེ་དང་མཐུན་པར་བྱ་བ་དང༌། འཆལ་གཏམ་ལྟ་བུར་སྐབས་མེད་པར་མི་སྨྲ་བ་དང༌། ངག་གང་ཇི་སྐད་བརྗོད་པ་དོན་དང་གཉིས་འབྲེལ་བར་བྱ་བ་དང༌། གནས་སྐབས་དང་དགོས་ཆེད་ཡོད་པའི་ཚེ་མ་ཡིན་པ་རྣམ་པ་ཐམས་ཅད་དུ་འཆལ་བར་བྱ་བ་མ་ཡིན་པ་དང༌། སྨྲ་བ་ཀུན་ལ་དཔེ་ཡིས་མཚོན་ཞིང་གོ་ཐོག་ཏུ་འཇལ་དུ་བྱ་བ་དང༌། ཆོས་ཐམས་ཅད་ཚད་མ་དོན་སྒྲོ་སྐུར་མེད་པས་བདག་ཀྱང་ཚད་མར་སྨྲ་བ་དང༌། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་མཆོག་གི་ངག་གི་སྤྱོད་པ་བཅུ་

|; |@@@ | | }}