81147

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་མཚན་མའི་སྔ་ལྟས་ལྔ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། ཉམས་ལེན་པ་དག་རྒྱུ་ཡི་དུས་ན་ལྟ་བའི་ངོ་བོ་དམ་པར་ངེས་པ་རྙེད་ནས་འབྲས་བུའི་དོན་ལ་ཉེ་བའི་རྣལ་འབྱོར་གྱི་མཚན་མའི་སྔ་ལྟས་ལྔ་འབྱུང་བ་ནི། བློ་རྩལ་གྱི་ཁྱད་པར་བའི་སྔ་ལྟས། སྣང་བ་ལུས་ཀྱི་སྔ་ལྟས། ངོ་མཚར་རྫས་རྙེད་ཀྱི་སྔ་ལྟས། འདུན་པ་མང་པོའི་སྔ་ལྟས། མཚན་མ་པྲའི་སྔ་ལྟས་དང་ལྔའོ། །མདོ་འགྲེལ་མུན་པའི་གོ་ཆ་ལས། རྒྱུའི་དུས་ན་དམ་པར་དོན་ལ་ངེས་པ་རྙེད་པས་རྣལ་འབྱོར་མཚན་མའི་སྔ་ལྟས་ལྔ་འབྱུང་བ་ནི། དཔེར་ན་ཆུ་ལྟས་རླབས་དང་སྤབས་དང༌། སྲོག་ཆགས་སྦྱར་ན་འབྱུང་བ་དང༌། རླུང་འབྱུང་བའི་སྔ་ལྟས་སྤྲིན་རྒྱུག་ཅིང་དུམ་བུར་འཆད་ཅིང་འཕྲོ་བ་དང༌། མེའི་ལྟས་དུ་བ་འབྱུང་བ་དང༌། རྩི་མཚལ་ལོ་མ་གར་ཡོད་པ་ན་གསེར་ཡོད་པ་ལྟར། བློ་དམ་པར་མ་ནོར་བའི་དོན་ལ་ཕེབས་ངེས་ཤིང་གོམས་ན། བློ་དང་ལུས་དང་རྫས་དང་རྨི་ལམ་དང་འདུན་པའི་ལྟས་དམ་པར་འབྱུང་ངོ༌། །ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་མཚན་མའི་སྔ་ལྟས་ལྔ་

|; |@@@ | | }}