81155

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་མའི་ཚོགས་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྣལ་འབྱོར་མ་ནི་བྱང་ཤར་དུ་ཝཱ་ར་ཧཱི་ནག་མོ། སྲིན་མོ་ནག་མོ། བེ་ཅོན་མ་ནག་མོ། མཚན་མོ་ནག་མོ། གནོད་སྦྱིན་མ་ནག་མོ་བཅས་པ་གསུངས་སོ། །ཡང་པདྨ་ཅན་དཔལ་བེའུ། འཇིགས་བྱེད་མ་འཁོར་ལོ། རྣམ་པར་རྒྱལ་མ་རྒྱལ་མཚན། མདངས་ཅན་མ་གདུགས། འོད་ལྡན་མ་པདྨ། ཡིད་འབྱུང་མ་བུམ་པ། དྲི་མེད་མ་དུང་། ཡིད་བཟང་མ་གསེར་ཉ་འཛིན་པ་སྟེ་མི་འཁྲུངས་པའི་འཁོར་གྱི་ལྷ་མོ་བརྒྱད་བཀོད་པའང་འདུག་པས་དཔྱད། དེ་རྣམས་སངས་རྒྱས་ཉིད་འཇིག་རྟེན་པས་འདུལ་བའི་སེམས་ཅན་རྣམས་ལ་དེ་དང་དེའི་རྣམ་པར་སྤྲུལ་ནས་གདུལ་བ་སོ་སོའི་དོན་མཛད་པའོ་ཞེས་ཤར་བླ་མའི་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་མའི་ཚོགས་

|; |@@@ | | }}