81169

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་ཡན་ལག་དྲུག་པ་མན་ངག་གསལ་བ་ (1)
Part of speech མིང་ཚིག
Definition ཀུ་སཱ་ལས་མཛད་པའི་རྣལ་འབྱོར་ཡན་ལག་དྲུག་པ་མན་ངག་གསལ་བ། ཀུན་དགའ་སྙིང་པོས་བསྒྱུར། འདིའི་མཛད་འགྱུར་དུ་“ཡུལ་ལྷོ་ཕྱོགས་ཀྱི་རྒྱུད་དུ་འཁྲུངས་པ། པཎ་གྲུབ་ཀྱི་བླ་མ་དམ་པ་མང་པོའི་ཞལ་ལུང་གིས་ཐུགས་སིམ་པ་ལས་རྡོ་རྗེ་འཆང་གི་གནས་བརྙེས་པ། རྗེ་བཙུན་བུདྷ་གུཔྟ་ནཱ་ཐའི་ཞལ་ལས་བྱུང་བ་ལྟར། དགེས་པའི་རྡོ་རྗེའི་མན་ངག་ཀུ་སཱ་ལས་མཛད་པ་དང་། སྒྲོན་མེ་གཅིག་པ་དང་། རྣལ་འབྱོར་ཡན་ལག་དྲུག་པ་རྣམས་ཀྱང་ཀུན་དགའ་སྙིང་པོས་གཡར་ཁྲལ་དུ་སྒྱུར་བའོ། ། པེ་ཅིང་། སྣར་དཀར་ཆག་ཏུ་འགྱུར་བྱང་“པཎྜི་ཏ་བུདྡྷ་དང་ལོ་ཙཱ་བ་ཀུན་དགའ་སྙིང་པོས་བསྒྱུར་བ་”ཞེས་འཁོད། བསྟན་འགྱུར་རྒྱུད་ཞུ་པར་བཞུགས།