81178

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་རྒྱུད་ཀྱི་ཉམས་ལེན་ (1)
Part of speech མིང་ཚིག
Definition སྔགས། རྣལ་འབྱོར་རྒྱུད། རྣལ་འབྱོར་རྒྱུད་དུ་ཕྱི་རོལ་ལ། །དམིགས་པའི་རྐྱེན་ཙམ་བྱས་ནས་ཀྱང། །རང་ཉིད་དམ་ཚིག་སེམས་དཔའ་ལ། །ཡེ་ཤེས་འཁོར་ལོ་སྤྱན་དྲངས་ནས། །ཇི་སྲིད་ཕྱག་རྒྱ་མ་བཀྲོལ་བ། །དེ་ཡི་བར་དུ་སངས་རྒྱས་བཞུགས། །ཕྱག་རྒྱ་བཀྲོལ་ནས་སངས་རྒྱས་གཤེགས། །དེ་ནས་རང་ཉིད་ཐལ་མ་འགྱུར། །ཞེས་ས་པཎ་གྱི་སྡོམ་གསུམ་རབ་དབྱེ་ལས་སོ། ། དེ་ཉིད་འདུས་པ་དང་སྦྱོང་རྒྱུད་སོགས་རྣལ་འབྱོར་རྒྱུད་དུ། ཕྱི་རོལ་གྱི་བྲིས་སྐུ་སོགས་ལ་ལྷ་བསྒོམ་ཚུལ་གསལ་བའི་དམིགས་པའི་རྐྱེན་ཙམ་བྱས་ནས་ཀྱང། གཙོ་བོ་རང་ཉིད་དམ་ཚིག་སེམས་དཔའ་ལྷ་དཔའ་བོ་གཅིག་པའམ། དཀྱིལ་འཁོར་ཡོངས་རྫོགས་སུ་བསྐྱེད་པ་ལ། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་ནས་དགུག་གཞུག་བྱས་ཏེ། ཕྱག་རྒྱ་བཞིས་རྒྱས་བཏབ་ཅིང། ཕྱག་རྒྱ་བཅིངས་ལ་མཉམ་པ་ཉིད་གསུམ་གྱི་ངང་ནས་སྔགས་བཟླས། ཇི་སྲིད་ཕྱག་རྒྱ་དེ་མ་བཀྲོལ་བ་དེའི་བར་དུ་སངས་རྒྱས་ཏེ་ཡེ་ཤེས་པ་བཞུགས། ཕྱག་རྒྱ་བཀྲོལ་ནས་ལྷ་སངས་རྒྱས་རང་བཞིན་གྱི་གནས་སུ་གཤེགས། དེ་ནས་རང་ཉིད་སྔར་གྱི་ཐ་མལ་བར་གྱུར་པ་ཡིན་ནོ་ཞེས་པཎ་ཆེན་ངག་ཆོས་ཀྱི་སྡོམ་གསུམ་རྣམ་བཤད་ཟླ་འོད་ནོར་བུ་ལས་སོ། །
Domain ཆོས་ལུགས།