81184

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་དགག་སྒྲུབ་བཅུ་བཞི་ (1)
Part of speech མིང་ཚིག
Definition དང་པོ་སྒྲུབ་པའི་དམ་ཚིག་བཅུ་བཞི་ནི། ༡ དཀོན་མཆོག་གསུམ་བཟུང་བ་སྟེ་རྣམ་སྣང་གི་དམ་ཚིག་གསུམ། ༢ རྡོ་རྗེའི་ཕྱག་རྒྱ་དང༌། དྲིལ་བུའི་ཕྱག་རྒྱ། སློབ་དཔོན་བཟུང་བ་སྟེ་རྡོ་རྗེའི་རིགས་ཀྱི་དམ་ཚིག་གསུམ། ༣ ཆོས་དང༌། ཟང་ཟིང་དང༌། མི་འཇིགས་པ་དང༌། བྱམས་པའི་སྦྱིན་པ་སྟེ་རིན་ཆེན་རིགས་ཀྱི་དམ་ཚིག་བཞི། ༤ ཐེག་པ་གསུམ་འཛིན་པ་སྟེ་པདྨའི་རིགས་ཀྱི་དམ་ཚིག་གསུམ། ༥ མཆོད་པའི་ལས་ལ་བརྩོན་པའི་ལས་ཀྱི་རིགས་ཀྱི་དམ་ཚིག་གཅིག དགག་ཕྱོགས་བཅུ་བཞི་ནི། ༡ དཀོན་མཆོག་གསུམ་གྱི་སྤང་བ། ༢ བྱང་སེམས་མི་འདོར་བ། ༣ ལྷ་རྣམས་ལ་མི་སྨད་པ། ༤ སྔགས་རྒྱ་ལ་མི་སྨད་པ། ༥ སློབ་དཔོན་ལ་མི་བརྙས་པ། ༦ བླ་མའི་བཞོན་པ་སོགས་དང་མཚོན་ཆ་ཕྱག་མཚན་ལ་མི་འགོམ་པ། ༧ བཟའ་བྱ་མིན་པ་མི་བཟའ་བ། ༨ གསང་བའི་ཡེ་ཤེས་མི་བསྒྲག་པ། ༩ སྔགས་རྒྱའི་བསླབ་པ་མི་འདོར་བ། ༡༠ གནོད་འཚེ་མི་བྱ་བ། ༡༡ ཐེག་དམན་ལ་མི་དགའ་བ། ༡༢ སེམས་ཅན་གྱི་དོན་ལ་དཀའ་བས་མི་སྐྱོ་བ། ༡༣ ཕྱིན་དྲུག་གི་སྤྱོད་པ་མི་འདོར་བ། ༡༤ བྱ་མིན་མི་བྱ་བ་བཅས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་རྒྱུད་ཀྱི་དམ་ཚིག་དགག་སྒྲུབ་བཅུ་བཞི་

|; |@@@ | | }}