81190

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་རྒྱུད་ཀྱི་སྡོམ་པའི་བསླབ་བྱ་ (1)
Part of speech མིང་ཚིག
Definition སྡོམ་གསུམ། ཡོ་གའི་དམ་ཚིག་ལ་གཉིས་ལས། དང་པོ་ཁས་བླངས་ཀྱིས་ཐོབ་པ་ལ། རིགས་ལྔ་སྤྱིའི་དམ་ཚིག་ནི་སྨོན་པ་དང་འཇུག་པའི་བསླབ་བྱ་རྣམས་བསྲུང་པའོ། །འདི་ལ་སྡོམ་པ་བསྒྲགས་པའི་སྐབས་སུ་རིགས་ལྔ་སོ་སོའི་དམ་ཚིག་གི་རྗེས་ལ། དེ་ལས་གཞན་ཡང་བཅུ་བཞི་ནི། །ཞེས་སོགས་ཚིགས་བཅད་གཅིག་གསུངས་ཏེ། དེ་ལ་ཕས་ཕམ་པ་བཅུ་བཞི་ནི་དབུ་མ་ལུགས་ཀྱི་རྩ་ལྟུང་བཅུ་བཞི་ཡིན་པར་བདག་གི་བླ་མ་བཞེད་དོ། །རིགས་ལྔ་སོ་སོའི་དམ་ཚིག་ནི། དེ་བཞིན་གཤེགས་པའི་རིགས་ཀྱི་དམ་ཚིག་ལ་དཀོན་མཆོག་གསུམ་ལ་སྐྱབས་སུ་བཟུང་བ་སྟེ་གསུམ། རྡོ་རྗེའི་རིགས་ལ་རྡོ་རྗེ་དྲིལ་བུ། ཕྱག་རྒྱ། སློབ་དཔོན་བཟུང་བ་སྟེ་བཞི། རིན་ཆེན་རིགས་ལ་ཟང་ཟིང་། མི་འཇིགས་པ། ཆོས། བྱམས་པའི་སྦྱིན་པ་དུས་དྲུག་ཏུ་གཏོང་བ་སྟེ་བཞི། པདྨའི་རིགས་ལ་དམ་ཆོས་མ་ལུས་པར་བཟུང་བ་སྟེ་གཅིག ལས་ཀྱི་རིགས་ལ་སྔར་གྱི་དེ་རྣམས་ཅི་ནུས་སུ་བསྲུང་བ་དང་། མཆོད་པའི་ལས་ཅི་ནུས་བྱེད་པ་གཉིས་ཏེ་བཅུ་བཞིའོ། །གཉིས་པ་ཆོ་གས་ཐོབ་པ་ནི། དཔལ་མཆོག་ལས། དམ་ཚིག་སྡོམ་པ་གྲུབ་པ་འདི། །ཁྱོད་ཀྱིས་རྟག་ཏུ་བསྲུང་བར་བྱ། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །དམ་པ་བརྟག་པའི་བཀའ་ཡིན་ནོ། །གང་ཞིག་བསྐྱེད་པ་ཙམ་གྱིས་ནི། །སངས་རྒྱས་ཉིད་དུ་དོགས་མེད་པའི། །བྱང་ཆུབ་སེམས་ནི་བཏང་མི་བྱ། །ཕྱག་ན་རྡོ་རྗེ་གང་ཡིན་པ། །དམ་པའི་ཆོས་ནི་མི་སྤོང་ཞིང་། །ནམ་ཡང་དོར་བར་མི་བྱ་འོ། །མི་ཤེས་པ་འམ་རྨོངས་པ་ཡིས། །དེ་ལ་སྨོད་པར་མི་བྱ་འོ། །རང་གི་བདག་ཉིད་ཡོངས་སྤངས་ནས། །དཀའ་ཐུབ་ཀྱིས་ནི་གདུང་མི་བྱ། །ཇི་ལྟར་བདེ་བས་བདེ་བར་བཟུང་། །འདི་ནི་མ་བྱོན་རྫོགས་སངས་རྒྱས། །རྡོ་རྗེ་དྲིལ་བུ་ཕྱག་རྒྱ་རྣམས། །ནམ་ཡང་དོར་བར་མི་བྱ་འོ། །སློབ་དཔོན་སྨད་པར་མི་བྱ་སྟེ། །འདི་ནི་སངས་རྒྱས་ཀུན་དང་མཉམ། །ཞེས་པ་ལྟར་རོ་ཞེས་ཀུན་མཁྱེན་གོ་རམས་པའི་སྡོམ་གསུམ་སྤྱི་དོན་ཡིད་བཞིན་ནོར་བུ་ལས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་རྒྱུད་ཀྱི་སྡོམ་པའི་བསླབ་བྱ་

|; |@@@ | | }}