81195
< Dictionaries | Monlam Grand
Jump to navigation
Jump to search
| Part of speech | མིང་ཚིག |
|---|---|
| Definition | རྒྱ་གར་ན་ཡོ་ག་ལ་མཁས་པའི་མི་གསུམ་སྟེ། ཚིག་ལ་མཁས་པ་ཤཱཀྱ་བཤེས་གཉེན། དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་དོན་གཉིས་ཀ་ལ་མཁས་པ་ཀུན་དགའ་སྙིང་པོའམ། སྔ་རབས་པ་རྣམས་ནི། ཚིག་ལ་མཁས་པ་ཀུན་དགའ་སྙིང་པོ། དོན་ལ་མཁས་པ་སངས་རྒྱས་གསང་བ། ཚིག་དོན་གཉིས་ཀ་ལ་མཁས་པ་ཤཱཀྱ་བཤེས་གཉེན་གསུམ་དུ་གྲགས་སོ་ཞེས་ཤར་བླ་མའི་ཀུན་རིག་རྣམ་བཤད་གཞན་ཕན་མཛེས་རྒྱན་ལས་སོ། ། |
| Domain | ལོ་རྒྱུས། |