81199

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་རྣམ་གསུམ་ (1)
Part of speech མིང་ཚིག
Definition སྔགས། མ་ཧཱ་ཡོ་ག རྙིང་མ། རྣལ་འབྱོར་རྣམ་གསུམ་ནི། སློབ་དཔོན་སངས་རྒྱས་གསང་བའི་ལམ་རིམ་ལས། རྣལ་འབྱོར་རྣམ་གསུམ་སྔོན་རྫོགས་ནས། །ས་ལ་སོགས་པར་ཕྱག་རྒྱར་བཅས། །ཞེས་དང་། སྤར་ཁབ་ལས། རྣལ་འབྱོར་ནི་རྣམ་པ་གསུམ་སྟེ། རང་བཞིན་དང་། ལམ་དང་། ལྷུན་གྱིས་གྲུབ་པའོ། །ལམ་ལ་སྤྱིར་གཉིས་ཏེ། ཕྱག་རྒྱའི་རྣལ་འབྱོར་དང་ཡེ་ཤེས་ཀྱི་རྣལ་འབྱོར་རོ། །ཞེས་དང་། ཕྱོགས་བཅུའི་མུན་སེལ་ལས། གང་ཟག་གང་གིས་བསྒྲུབ་པ་ནི་སེམས་རྣལ་མའི་དོན་ལ་བློ་ཆོས་ཉིད་དུ་འབྱོར་བ་སྟེ། དབྱེ་ན། གཞི་རང་བཞིན་གྱི་རྣལ་འབྱོར། ལམ་བསྐྱེད་རྫོགས་ཀྱི་རྣལ་འབྱོར། འབྲས་བུ་ལྷུན་གྲུབ་ཀྱི་རྣལ་འབྱོར་གསུམ། ཞེས་གསུངས་སོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་རྣམ་གསུམ་

|; |@@@ | | }}