81200

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་རྣམ་པ་གསུམ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པ་ལས་བསྟན་པའི་གཞི་དང་རྒྱུ་དང་འབྲས་བུ་གསུམ་གྱི་དོན་དུ་གྱུར་པའི་རྣལ་འབྱོར་རྣམ་པ་གསུམ་སྟེ། བྱ་བའི་རྣལ་འབྱོར་དང། བྱ་བ་བྱེད་པའི་རྣལ་འབྱོར་དང། བྱ་བ་མེད་པའི་རྣལ་འབྱོར་རོ། །དེ་ཡང་། མདོ་འགྲེལ་མུན་པའི་གོ་ཆ་ལས། དབུ་ཞབས་སུ་དོན་རྣམ་པ་གསུམ་དུ་འདུས་ཤིང༌། གསུམ་པོ་དེར་འགྲེལ་ཏེ། གང་ཞེ་ན། བྱ་བའི་རྣལ་འབྱོར་དང༌། བྱ་བ་བྱེད་པའི་རྣལ་འབྱོར་དང༌། བྱ་བ་མེད་པའི་རྣལ་འབྱོར་རོ། །དེའི་དོན་ནི་གཞི་དང༌། རྒྱུ་དང༌། འབྲས་བུར་སྟོན་ཏེ། ཞེས་གསུངས། ཡང་ན། བྱ་བ་རྒྱུའི་རྣལ་འབྱོར་དང་། བྱེད་པ་རྐྱེན་གྱི་རྣལ་འབྱོར་དང། བྱ་བྲལ་འབྲས་བུའི་རྣལ་འབྱོར་རོ། །བགྲངས་ཚུལ་འདི་ནི་ཀུན་འདུས་རིག་པ་ལེའུ་དང་པོ་ལས། གྲོགས་པོ་དག ཆོས་ཐམས་ཅད་རྣལ་འབྱོར་གསུམ་གྱིས་ཡོངས་སུ་འགྲེལ་ཏེ། གང་ཞེ་ན། རྒྱུའི་རྣལ་འབྱོར་དང༌། རྐྱེན་གྱི་རྣལ་འབྱོར་དང༌། འབྲས་བུའི་རྣལ་འབྱོར་རོ། །ཞེས་གསུངས་པ་ལྟར་རོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་རྣམ་པ་གསུམ་

|; |@@@ | | }}