81209

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་ (1)
Part of speech མིང་ཚིག
Definition མདོ་དགོངས་པ་འདུས་པའི་ལེའུ་དྲུག་ཅུ་རེ་གཅིག་པ་ཡིན། ལེའུ་འདི་རྒྱུད་དེའི་བཤད་རྒྱུད་དུ་གཏོགས་ཤིང་། ནང་དོན་ལ་བྱུང་ཚུལ་བཅུ་གཉིས་ཀྱི་མཐའ་མ་དགོངས་པ་རྣམ་པར་བགྲོ་བའི་བྱུང་ཚུལ་ལ་ཆོས་ཀྱི་རྣམ་གྲངས་བཅུར་བགྲོ་བ་ལས། དྲུག་པ་ཁྱད་པར་བླ་མར་བགྲོ་བ་ལ་རྒྱལ་པོའི་དཀོར་མཛོད་ཀྱི་དཔེས་ཁྱད་ཡོད་པར་བསྟན་པ་དང༌། སྐས་ཀྱི་གདང་བུའི་དཔེས་ཁྱད་པར་ཡོད་པར་བསྟན་པ་དང། ཁང་པ་སྒོ་མངས་ཀྱི་དཔེས་ཁྱད་ཡོད་པར་བསྟན་པ་དང། རི་དང་མེའི་དཔེས་ཁྱད་ཡོད་པར་བསྟན་པའོ། །རྒྱུད་ཆེན་པོ་འདིའི་ལུགས་ལ་ཆོས་ཉིད་བརྒྱུད་ནས་སྟོན་པ་དང་ཅར་ཕོག་ཏུ་སྟོན་པ་ལ་དྲང་དོན་ངེས་དོན་དུ་བྱས་པའི་ལེའུ་འདིས་དྲང་དོན་དང་ངེས་དོན་གཉིས་ཀ་སྟོན་ཞེས་གཟི་ལྡན་འཆར་ཁའི་འོད་སྣང་དུ་གསལ་ལོ། །བཀའ་འགྱུར་རྙིང་རྒྱུད་ཀ་པར་བཞུགས།

{{#arraymap:རྣལ་འབྱོར་སའི་སྒྲོན་མ་བསྟན་པའི་ལེའུ་

|; |@@@ | | }}