81210

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་སུམ་ཅུ་སོ་བཞི་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། འདི་རྣལ་འབྱོར་ཕྲ་མོ་སུམ་ཅུ་སོ་བཞིའང་ཟེར། མདོ་དགོངས་པ་འདུས་པར་རིམ་གྱིས་པ་དབང་པོ་ཐ་མའི་དབང་དུ་མཛད་དེ་ཐུན་མིན་ས་བཅུ་ལས་དྲངས་པའི་རྣལ་འབྱོར་སོ་བཞི་སྟེ། འདུན་པ་སེམས་པའི་རྣལ་འབྱོར་དང། བཅོས་མའི་རྣལ་འབྱོར་དང། ཕྲ་མེན་སྤྱོད་པའི་རྣལ་འབྱོར་དང། ཚུལ་རྟགས་འཛིན་པའི་རྣལ་འབྱོར་དང། མོས་པའི་རྣལ་འབྱོར་དང། དགེ་བའམ་ལེགས་པར་འདུན་པའི་རྣལ་འབྱོར་བཅས་ས་དང་པོ་འགྱུར་དབང་མ་ངེས་པའི་སར་རྣལ་འབྱོར་དྲུག་དང་། བཀའ་སྡོད་ལས་ཀྱི་རྣལ་འབྱོར་དང། ལས་དང་པོའི་རྣལ་འབྱོར་དང། བསླབ་པ་སྦྱོར་བའི་རྣལ་འབྱོར་དང། ངེས་པའི་རྣལ་འབྱོར་བཅས་ས་གཉིས་པ་བརྟེན་པ་གཞིའི་སར་རྣལ་འབྱོར་བཞི་དང་། རིགས་ཆེན་འབྱེད་པའི་རྣལ་འབྱོར་ཏེ་ས་གསུམ་པ་གལ་ཆེན་སྦྱོང་བའི་སར་རྣལ་འབྱོར་གཅིག་དང་། གསང་སྒོ་ལུང་གི་རྣལ་འབྱོར་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་དང། མཚན་མ་རྟགས་ཀྱི་རྣལ་འབྱོར་བཅས་ས་བཞི་པ་བསླབ་པ་རྒྱུན་གྱི་སར་རྣལ་འབྱོར་གསུམ་དང་། སྤྱོད་པ་རྒྱུན་གྱི་རྣལ་འབྱོར་ཏེ་ས་ལྔ་པ་བསོད་ནམས་གཏེར་གྱི་སར་རྣལ་འབྱོར་གཅིག་དང་། དབུགས་ཆེན་འབྱིན་པའི་རྣལ་འབྱོར་དང། རིགས་ཆེན་འབྱེད་པའི་རྣལ་འབྱོར་དང། མཉམ་རྫོགས་ཆེན་པོའི་རྣལ་འབྱོར་དང། ངེས་པར་འབྱིན་པའི་རྣལ་འབྱོར་རམ་ངེས་པར་སྤྱོད་པའི་རྣལ་འབྱོར་དང། རྩལ་ཆེན་སྦྱོར་བའི་རྣལ་འབྱོར་དང། ཡུལ་ལ་འཇུག་པའི་རྣལ་འབྱོར་དང། རིག་པར་སྦྱོར་བའི་རྣལ་འབྱོར་བཅས་ས་དྲུག་པ་རྟེན་པས་ཁྱད་པར་དུ་འགྲོ་བའི་སར་རྣལ་འབྱོར་བདུན་དང་། གྲུབ་པའི་རྣལ་འབྱོར་དང། རྣལ་འབྱོར་ཆེན་པོ་དང། ངེས་པར་འབྱུང་བའི་རྣལ་འབྱོར་བཅས་ས་བདུན་པ་དམིགས་པས་འབྲས་བུ་སྐྱེ་བའི་སར་རྣལ་འབྱོར་གསུམ་དང་། རྨད་བྱུང་རོལ་པའི་རྣལ་འབྱོར་དང་། ཚོགས་ཆེན་འདུས་པའི་རྣལ་འབྱོར་དང། རྩལ་ཆེན་རྫོགས་པའི་རྣལ་འབྱོར་བཅས་ས་བརྒྱད་པ་གནས་པས་མི་འགྱུར་བའི་སར་རྣལ་འབྱོར་གསུམ་དང་། རོལ་པ་རྒྱན་གྱི་རྣལ་འབྱོར་དང། བདེ་བ་ཆེན་པོའི་རྣལ་འབྱོར་དང། ཐིག་ལེ་རྫོགས་པའི་རྣལ་འབྱོར་བཅས་ས་དགུ་པ་གདལ་བ་ཆོས་ཉིད་ཀྱི་སར་རྣལ་འབྱོར་གསུམ་དང་། བདག་ཉིད་ཆེན་པོའི་རྣལ་འབྱོར་དང། ལྷུན་གྱིས་གྲུབ་པའི་རྣལ་འབྱོར་དང། ཀློང་ཡངས་ཆུབ་པའི་རྣལ་འབྱོར་བཅས་ས་བཅུ་པ་རྫོགས་པ་སྤྱིར་ཆིབས་ཀྱི་སར་རྣལ་འབྱོར་གསུམ་སྟེ། བསྡོམས་པས་སུམ་ཅུ་སོ་བཞིའོ། །ས་བཞི་པ་བསླབ་པ་རྒྱུན་གྱི་སར་རྣལ་འབྱོར་གསུམ་པོ་ལ་དྲོད་གཡོ་ཐོབ་བརྟན་གསུམ་དང་། རྟགས་གཡོ་ཐོབ་བརྟེན་གསུམ་བཅས་དྲུག་བསྣན་ཏེ་རྣལ་འབྱོར་བཞི་བཅུར་བགྲངས་པའང་ཡོད་དོ། །
Domain ཆོས་ལུགས།

{{#arraymap:རྣལ་འབྱོར་སུམ་ཅུ་སོ་བཞི་

|; |@@@ | | }}