81213

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་སྙིང་པོ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་ཤྲཱི་ཛ་ག་ཏ་མི་ཏྲའི་གདམས་པའི་རྣལ་འབྱོར་སྙིང་པོ། འདི་དང་གོང་གི་ཆོས་ཚན་༡༦༦༣ པ་གཉིས་ཀྱི་མཛད་འགྱུར་བུ་སྟོན་དཀར་དང་། པེ་ཅིང་། སྣར་ཐང་དཀར་ཆག་ཏུ་ཤྲཱི་མི་ཏྲ་ཛོ་ཀིས་མཛད་པ། དེ་ཉིད་དང་། བྱམས་པ་ལོ་ཙཱ་བའི་འགྱུར་ཞེས་དང་། སྡེ་དགེ་དཀར་ཆག་ཏུ་ཤྲཱི་ཛ་ག་མི་ཏྲས་མཛད་པ། དེ་ཉིད་དང་། བྱམས་པ་ལོ་ཙཱ་བའི་འགྱུར་ཞེས་འཁོད་ལ། འདིའི་མཛད་པ་པོ་ཤྲཱི་མི་ཏྲ་ཛོ་ཀི་དང་ཤྲཱི་ཛ་ག་མི་ཏྲ་གཉིས་མཚན་གྱི་རྣམ་གྲངས་ཡིན་པ་འདྲའོ། ། བསྟན་འགྱུར་རྒྱུད་ནུ་པར་བཞུགས།
རྣལ་འབྱོར་སྙིང་པོ་ (2)
Part of speech མིང་ཚིག
Definition འདི་དང་གོང་གི་ཆོས་ཚན་༡༦༦༣ པ་གཉིས་ཀྱི་མཛད་འགྱུར་བུ་སྟོན་དཀར་ཆག་དང་། པེ་ཅིང་། སྣར་ཐང་དཀར་ཆག་ཏུ་ཤྲཱི་མི་ཏྲ་ཛོ་ཀིས་མཛད་པ། དེ་ཉིད་དང་། བྱམས་པ་ལོ་ཙཱ་བའི་འགྱུར་ཞེས་དང་། སྡེ་དཀར་ཆག་ཏུ་ཤྲཱི་ཛ་ག་མི་ཏྲས་མཛད་པ། དེ་ཉིད་དང་། བྱམས་པ་ལོ་ཙཱ་བའི་འགྱུར་ཞེས་འཁོད་ལ། འདིའི་མཛད་པ་པོ་ཤྲཱི་མི་ཏྲ་ཛོ་ཀི་དང་ཤྲཱི་ཛ་ག་མི་ཏྲ་གཉིས་མཚན་གྱི་རྣམ་གྲངས་ཡིན་པ་འདྲའོ། ། བསྟན་འགྱུར་རྒྱུད་ནུ་པར་བཞུགས།