81216

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་སྤྱོད་པའི་དབུ་མ་པ་ (1)
Part of speech མིང་ཚིག
Definition རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་དབུ་མ་རང་རྒྱུད་པ་སྟེ། རྣམ་བཅས་པ་ལྟར་ན། ཕྱི་རོལ་གྱི་དོན་དུ་སྣང་བ་སེམས་ལས་གུད་ན་མེད་ལ། སེམས་ཉིད་ལུས་དང་གནས་དང་ལོངས་སྤྱོད་ལྟ་བུར་སྣང་བ་སྟེ། སངས་རྒྱས་ནས་ཀྱང་ཉོན་མོངས་པ་མཐའ་དང་བྲལ་བའི་ཡེ་ཤེས་གཟུགས་ཀྱི་སྐུ། སངས་རྒྱས་ཀྱི་ཞིང་དང་། དེའི་རྒྱན་ལ་སོགས་པའི་ལོངས་སྤྱོད་དང་སྣང་བས་འགྲོ་བའི་དོན་བྱེད་པར་འདོད་ལ། དེའང་མ་དག་པ་ལ་སྤྲུལ་པ་དང་། དག་པའི་འགྲོ་བ་ལ་ལོངས་སྐུར་སྣང་བས་དུས་རྒྱུན་མི་འཆད་པར་འདོད་དོ། །རྣམ་མེད་པ་ལྟར་ན། ཁམས་གསུམ་པའི་སེམས་ཀྱང་དོན་ལྟར་སྣང་བའི་རྣམ་པ་དང་བྲལ་བ་ཡིན་ལ། སྣང་བ་ནི་སེམས་དང་། དེ་ཉིད་དང་གཞན་དུ་བརྗོད་དུ་མེད་པའི་བག་ཆགས་ཏེ། སངས་རྒྱས་པའི་དུས་ན་བག་ཆགས་ཡོངས་སུ་དག་ནས་ཡེ་ཤེས་རྣམ་པ་དང་བྲལ་བ་སྐད་ཅིག་མའི་མཚན་ཉིད་རྒྱུན་འབྲེལ་བར་སྐྱེ་ཞིང་། སྨོན་ལམ་དང་ཐུགས་རྗེ་དང་ཡེ་ཤེས་ཆེན་པོའི་དབང་གིས། གཟུགས་ཀྱི་སྐུ་མངོན་པར་སྣང་བ་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འགྲོ་བའི་དོན་དུ་འབྱུང་བར་འདོད་དེ། དེ་ལས་ནི་སྐད་ཅིག་མའི་རྒྱུན་དང་འབྲེལ་བའི་ཡེ་ཤེས་ཉིད་དོན་དམ་པར་ཡོད་པ་ཉིད་དུ་ཁས་ལེན་ནོ། །ཞེས་གསུངས་སོ། །

{{#arraymap:རྣལ་འབྱོར་སྤྱོད་པའི་དབུ་མ་པ་

|; |@@@ | | }}

རྣལ་འབྱོར་སྤྱོད་པའི་དབུ་མ་པ་ (2)
Part of speech མིང་ཚིག
Definition མདོ། དབུ་མ། རྣལ་འབྱོར་སྤྱོད་པའི་དབུ་མ་པ་ནི་ཡེ་ཤེས་སྙིང་པོ་དང། ཞི་བ་འཚོ་ལ་སོགས་པ་སྟེ། ཀླུ་སྒྲུབ་ཀྱི་རྗེས་སུ་ཡེ་ཤེས་སྡེས་ཕྱི་དོན་ཁས་ལེན་མི་ལེན་གྱི་གསལ་ཁ་མ་བྱུང་བ་ལ། ལེགས་ལྡན་འབྱེད་ཀྱིས་ཕྱི་དོན་ཁས་བླངས་པས་མདོ་སྡེ་སྤྱོད་པ་དང། ཡེ་ཤེས་སྙིང་པོས་སྣང་བ་སེམས་སུ་བཤད་པས་རྣལ་འབྱོར་སྤྱོད་པའི་དབུ་མ་པ་བྱུང། ཞེས་སྔ་རབས་པ་རྣམས་ལ་གྲགས་ཏེ། དེ་ལྟར་ན་འདི་གཉིས་ཀ་རང་རྒྱུད་པའི་དབྱེ་བའོ། །ཞེས་ཀུན་མཁྱེན་གོ་རམས་པའི་དབུ་མའི་སྤྱི་དོན་ལས་གསུངས་སོ། །

{{#arraymap:རྣལ་འབྱོར་སྤྱོད་པའི་དབུ་མ་པ་

|; |@@@ | | }}

རྣལ་འབྱོར་སྤྱོད་པའི་དབུ་མ་པ་ (3)
Part of speech མིང་ཚིག
Definition དབུ་མ་པ། དབུ་མ་པ་ལུགས་གསུམ་དུ་གྲགས་པའི་ཡ་གྱལ་ཞིག་སྟེ། འཁོར་ལོ་ཐ་མའི་རྗེས་འབྲང་གི་དབུ་མ་པའི་མཚན་གྱི་རྣམ་གྲངས་ཡིན་ཏེ། ཇོ་ནང་མ་ཏི་པཎ་ཆེན་གྱི་དངོས་སློབ་བཙུན་པ་འཇམ་དཔལ་གྲགས་པས་མཛད་པའི་བཀའ་བསྡུ་ལྔ་བ་ལས། མཐར་ཐུག་དབུ་མ་ཆེན་པོ་ཁས་ལེན་པ་ལ། ཐ་སྙད་དུ་སེམས་ཙམ་པ་ལྟར་རྣམ་གཞག་བྱེད་པ་ལ་རྣལ་འབྱོར་སྤྱོད་པའི་དབུ་མ་པ་ཡིན་པར་སེམས་ཤིང་། འདི་རྣམས་རྣལ་འབྱོར་པ་རྟོགས་པ་གོང་ནས་གོང་དུ་འཕེལ་བའི་གནས་སྐབས་ལ་དེ་དང་དེར་གསུངས་པ་མདོ་རྒྱུད་བསྟན་བཅོས་རྣམ་དག་ལ་མངོན་ནོ། །ཞེས་བྱུང་ངོ་། །

{{#arraymap:རྣལ་འབྱོར་སྤྱོད་པའི་དབུ་མ་པ་

|; |@@@ | | }}