81225

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས་ (1)
Part of speech མིང་ཚིག
Definition རྒྱ་གར་གྱི་མཁན་པོ་པྲཛྙཱ་ཝརྨ་དང༌། ཞུ་ཆེན་གྱི་ལོ་ཙཱ་བ་བན་དེ་ཡེ་ཤེས་སྡེས་བསྒྱུར་ཅིང་ཞུས་ཏེ་གཏན་ལ་ཕབ། འཕགས་པ་ཐོགས་མེད་ཀྱིས་མཛད་པའི་ས་སྡེ་ལྔའི་དང་པོ་དངོས་གཞིའི་ས་ལ་ནང་གསེས་ས་བཅུ་བདུན་བཞུགས་པ་ལས། དཀར་ཆག་ཁག་ཏུ་བཅུ་གསུམ་པ་ཉན་ཐོས་ཀྱི་ས་དང་། བཅོ་ལྔ་པ་བྱང་ཆུབ་སེམས་དཔའི་ས་གཉིས་ལོངས་སུ་གླེགས་བམ་རེ་རེ་དང་། གཞན་རྣམས་ལ་རྣལ་འབྱོར་སྤྱོད་པའི་ས་ལས་དངོས་གཞི་ས་མང་པོ་ཞེས་གླེགས་བམ་གཅིག་བྱས་ཏེ་བསྒྲིགས་འདུག་ཀྱང་དེ་དག་ཆོས་ཚན་གཅིག་ཡིན་ཕྱིར་འདིར་ཡང་དེ་ལྟར་གླེགས་བམ་ཚི་ཛི་ཝི་གསུམ་ཆོས་ཚན་གཅིག་བྱས་ཏེ་བསྒྲིགས་ཡོད། བསྟན་འགྱུར་སེམས་ཙམ་ཝི་པར་བཞུགས།

{{#arraymap:རྣལ་འབྱོར་སྤྱོད་པའི་ས་ལས་བྱང་ཆུབ་སེམས་དཔའི་ས་

|; |@@@ | | }}