From Rangjung Yeshe Wiki - Dharma Dictionary
Jump to navigation
Jump to search
རྣོ་ (1)
| Part of speech
|
མིང་ཚིག
|
| Definition
|
ཞིབ་སྦྱང་བྱས་ནས་བྱེ་མ་སོགས་སྙིགས་རོ་མི་འདྲེས་པའི་ལྕགས་ཏེ། ལྕགས་དཀྱུས་མ་ལས་སྲ་ཞིང་ལྡེམ་གཤིས་ཡོད་པས། བཟོ་ལས་ཀྱི་རྒྱུ་ཆ་ཧ་ཅང་གལ་ཆེན་ཡིན།
|
| Example
|
རྣོ་ལྕགས་བཟོ་གྲྭ། རྣོ་ལྕགས་བཞུ་སྦྱང་ལྟ་བུ།
|
རྣོ་ (1)
| Part of speech
|
རྒྱན་ཚིག
|
| Definition
|
རྣོན་པོ་བསྡུས་ཚིག་སྟེ། གྲི་སོགས་ལ་དངོས་རྫས་གཅོད་པ་དང་གཞོག་པར་བྱེད་པའི་དབལ་དང་ལྡན་པ།
|
| Example
|
གྲི་འདི་ཤིན་ཏུ་རྣོ། སྟ་རེ་འདི་ཧ་ཅང་རྣོ་ལྟ་བུ།
|
| Antonyms
|
རྟུལ།
|
རྣོ་ (2)
| Part of speech
|
རྒྱན་ཚིག
|
| Definition
|
མྱུར་བའམ་གསལ་བའི་དོན།
|
| Example
|
བློ་རིག་རྣོ། མིག་རྣོ་ལྟ་བུ།
|
| Antonyms
|
རྟུལ།
|