81250

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྣོག་ (1)
Part of speech བྱ་ཚིག
Definition སྔར་ཡོད་ཀྱི་རྣམ་པ་མི་མངོན་པར་བྱས་པའི་དོན།
Transitive བྱ་བྱེད་ཐ་དད་པ།
Future [བརྣོག, དགྲ་སར་འགྲོ་ན་དམག་ཆས་བརྣོག་དགོས།]
Present [རྣོག།, རི་མོ་རྣོག་བཞིན་པའི་སྐབས།]
Past [བརྣོགས།, རྟགས་བརྣོགས་པས་ངས་ངོ་མ་ཤེས།]
Imperative [རྣོགས།, འབྲི་ནོར་ཤོར་བའི་རིགས་རྣོགས་ཤིག་ལྟ་བུ།]
རྣོག་ (2)
Part of speech བྱ་ཚིག
Definition ཡིད་ལ་ཡང་ཡང་འཁོར་བའམ་སེམས་པའི་དོན།
Future [བརྣོག, རེ་འདོད་ཡང་ཡང་སེམས་ལ་བརྣག་གལ་ཆེ།]
Present [རྣོག།, རེ་བ་ཡང་ཡང་ཡིད་ལ་རྣོག་གིན་གདའ།]
Past [བརྣོགས།, ཡུན་རིང་སྙིང་ལ་བརྣགས་པ་དེ་འགྲུབ་སོང་།]
Imperative [རྣོགས།, འདོད་དོན་སྙིང་ལ་རྣོགས་དང་འགྲུབ་པར་ངེས་ལྟ་བུ།]
རྣོག་ (3)
Part of speech བྱ་ཚིག
Definition སྦེད་སྐུང་བྱེད་པའམ་གསང་བ་བྱེད་པའི་དོན།
Future [བརྣོག, ཕུགས་ནོར་མི་ལ་བརྣོག་ན་བཟང་།]
Present [རྣོག།, ཟས་ནོར་རྣོག་བཞིན་པའི་སེར་སྣ་ཅན།]
Past [བརྣོགས།, ཕུགས་ནོར་བརྣོགས་ནས་ཕྱི་རབས་ལ་བཞག]
Imperative [རྣོགས།, ནོར་མི་ལ་མ་ངོམ་ཕུགས་ལ་རྣོགས་ལྟ་བུ།]
རྣོག་ (4)
Part of speech བྱ་ཚིག
Definition དཀའ་སྡུག་ལ་བཟོད་བསྲན་བྱེད་པའི་དོན།
Future [བརྣག, ལས་དོན་རླབས་ཆེན་སྒྲུབ་སྐབས་དཀའ་སྡུག་བརྣག་དགོས།]
Present [རྣོག།, ལས་དོན་ཆེད་དཀའ་ངལ་རྣོག་བཞིན་པ།]
Past [བརྣགས།, དཀའ་སྡུག་མང་པོ་བརྣགས་ནས་གཟོད་རྒྱལ་ཁ་ཐོབ་པ་ཡིན།]
Imperative [རྣོགས།, དཀའ་ངལ་རྣོགས་ཤིག་ལྟ་བུ།]