81263

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྦ་ཚུལ་ཁྲིམས་བློ་གྲོས་ (1)
Part of speech མིང་ཚིག
Definition དུས་རབས་བཅུ་པའི་སྨད་དུ་དབུས་སུ་འཁྲུངས། གཞོན་དུས་སུ་མདོ་སྨད་ཙོང་ཁའི་ཡུལ་བྱོན་ནས་བླ་ཆེན་དགོངས་པ་རབ་གསལ་ལས་རབ་བྱུང་དང་། དགེ་ཚུལ་སློང་གི་སྡོམ་པ་དཀྱུས་གཅིག་ཏུ་མནོས། དབུས་གཙང་དུ་ཕེབས་ནས་བསམ་ཡས་གཙུག་ལག་ཁང་སོགས་ཞིག་གསོས་མཛད། ཡུངས་འགུར་བརྩིགས་ཤིང་ལན་པའི་སྤྱིལ་བུ་བཟུང་། འདུལ་བའི་བསྟན་པ་སྤེལ། དེ་ཀས་འཕེལ་བའི་ཆོ་རྒྱུད་ལ་རྦ་ཚོ་ཞེས་གྲགས། སློབ་མ་གྲགས་ཆེ་བ་ནི་མལ་སེམས་དཔའ་ཤེས་རབ་ཡིན། བསྟན་པ་ཕྱི་དར་སྐབས་ཀྱི་དབུས་གཙང་མཁས་པ་མི་བཅུའི་གཅིག་ཞིག་ཡིན།

{{#arraymap:རྦ་ཚུལ་ཁྲིམས་བློ་གྲོས་

|; |@@@ | | }}