81297

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨ་གཙོ་རིན་ཆེན་མཆོག་ (1)
Part of speech མིང་ཚིག
Definition དུས་རབས་བརྒྱད་པའི་སྟོད་དུ་དབུ་ར་འཕན་ཡུལ་གྱི་རྨ་གཅོ་ཞེས་པར་འཁྲུངས། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་ཡིན། ཤིང་ཡོས་ཕྱི་ལོ་ ༧༧༥ ལོར་མཁན་པོ་བོ་དྷི་ས་ཏྭ་ལས་རབ་ཏུ་བྱུང་། སད་མི་མི་བདུན་གྱི་གཅིག་ཡིན། ལེགས་སྦྱར་ལ་ཕུལ་ཕྱིན་པའི་ལོ་ཙཱ་བ་ཞིག་ཡིན། སློབ་དཔོན་པདྨ་འབྱུང་གནས་ལས་དབང་དང་གདམས་ངག་ཞུས། སྒོམ་སྒྲུབ་ཉམས་ལེན་མཛད། རྗེ་འབངས་ཉེར་ལྔ་ནང་གི་གྲུབ་ཐོབ་ཅིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་ཁྱད་པར་འཕགས་བསྟོད་དང་། ལྷ་ལས་ཕུལ་བྱུང་གི་བསྟོད་པ། ཡོན་ཏན་མཐའ་ཡས་ཀྱི་བསྟོད་པ། ཡོན་ཏན་མཐའ་ཡས་ཀྱི་བསྟོད་པའི་འགྲེལ་བ། ཡོན་ཏན་མཐའ་ཡས་ཀྱི་བསྟོད་པའི་དོན་ཚིག་ལེའུར་བྱས་པ། ཆེད་དུ་བརྗོད་པའི་ཚོམས་ཤོ་ལོ་ཀ་སྟོང་ལྔ་བརྒྱ་བཞི་བཅུ་བ། དཀྱིལ་འཁོར་ཐམས་ཅད་ཀྱི་རྗེས་སུ་འཇུག་པའི་ཆོ་ག་ལྔ་བ། ཡན་ལག་བཞིའི་དོན་སྣང་བ་བྱེད་པ། དཔལ་ཧེ་རུ་ཀའི་སྒྲུབ་ཐབས་བཅས་བཞུགས།

{{#arraymap:རྨ་གཙོ་རིན་ཆེན་མཆོག་

|; |@@@ | | }}