81317

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་ (1)
Part of speech མིང་ཚིག
Definition མདོ། འདུལ་བ། གླེང་གཞི་ནི་གཙུག་དགའ་མོའི་དཔུང་བར་ཕོལ་མིག་བྱུང་ནས། དེ་སྨན་པ་ལ་འཆིང་དུ་བཅུག་ནས་བཅིངས་ཟིན་པ་དང་ཧ་ཅང་དམ་ཆེས་སོ་ཞེས་སྨྲས་སོ། །ལྷོད་པར་བྱས་པ་ལ་ཧ་ཅང་ལྷོད་ཆེས་སོ། །ཞེས་ཏེ་ལྟར་འཆིང་དུ་བཅུག་ཅིང་འགྲོལ་དུ་བཅུག་སྟེ། ཆགས་སེམས་ཀྱིས་ཡང་དང་ཡང་དུ་དེ་ལྟར་བྱས་པ་ལས་སོ། །དགག་བྱ་ནི་ཆགས་པའི་རྒྱུར་འགྱུར་བའོ། །དགེ་སློང་མས་སེམས་ཉོན་མོངས་པ་ཅན་གྱི་སྒྱུ་ཐབས་ཀྱིས་རང་གི་ལག་པ་སོགས་པའི་རྨ་བཅིངས་ཤིང་སྐྱེས་པ་འཁྲིག་པ་བསྟེན་པའི་མཐུ་ཡོད་པ་ལ་འགྲོལ་དུ་འཇུག་པ་ལ་ལྟུང་བྱེད་དུ་འགྱུར་རོ། །ཞེས་ཀུན་མཁྱེན་མཚོ་སྣ་བའི་མདོ་རྩའི་རྣམ་བཤད་ཉི་མའི་འོད་ཟེར་ལས་སོ། །ཆགས་སེམས་དང་བཅས་པའི་སྒྱུ་ཐབས་ཀྱིས་རང་གི་ལུས་ཀྱི་རྨ་བཅིངས་ཤིང་བཅིངས་ཤིང་སྐྱེས་པ་འགྲོལ་དུ་འཇུག་པ་ནི། རྨ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་དོ། །ཞེས་པཎ་ཆེན་ངག་ཆོས་ཀྱི་འདུལ་བའི་སྤྱི་དོན་ཐུབ་བསྟན་ཉིན་བྱེད་ལས་སོ། །
Domain ཆོས་ལུགས།

{{#arraymap:རྨ་བཅིངས་པ་འགྲོལ་དུ་འཇུག་པའི་ལྟུང་བྱེད་

|; |@@@ | | }}