81319
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | རབ་བྱུང་དང་པོའི་ཤིང་སྤྲེལ་ཕྱི་ལོ་ ༡༠༤༤ ལོར་འཁྲུངས། རབ་བྱུང་གཉིས་པའི་ས་སྦྲུལ་ཕྱི་ལོ་ ༡༠༨༩ ལོར་སྐུ་གཤེགས་ཞེས་སུམ་པ་ཡེ་ཤེས་དཔལ་འབྱོར་གྱིས་གསུངས། བོད་ཡུལ་ནས་ཐོག་མར་ཐོས་བསམ་མཛད། ཁ་ཆེ་དང་། བལ་ཡུལ། རྒྱ་གར་སོགས་སུ་པཎ་གྲུབ་མང་པོ་ལས་རྒྱ་གཞུང་དང་ལེགས་སྦྱར་སྐད་ཡིག་མཁས་པར་སྦྱངས་པའི་ལོ་ཙཱ་བ་ཞིག་ཡིན། བསྒྱུར་རྩོམ་ནི་བསྟན་འགྱུར་ལས་དགྱེས་པ་རྡོ་རྗེའི་སྒྲུབ་ཐབས་དང་། དཔལ་ཧེ་རུ་ཀའི་སྒྲུབ་ཐབས། དཔལ་འཁོར་ལོ་སྡོམ་པའི་མན་ངག དཔལ་འཁོར་ལོ་སྡོམ་པའི་རབ་གནས། དཔལ་རྡོ་རྗེ་རྣལ་འབྱོར་མའི་སྒྲུབ་ཐབས། དབུ་བཅད་མའི་སྒྲུབ་ཐབས་ཆེ་བ། སྒྲོལ་མ་ལྷ་ལྔའི་སྒྲུབ་ཐབས་རིན་པོ་ཆེ་གསལ་བ། ཕྱིར་བཟློག་གི་འཁོར་ལོ། སྒྲོལ་མ་གསང་བའི་སྒྲུབ་ཐབས། དབང་ཆོས་རྟེན་འབྲེལ་འགྲོ་ལྡོག དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོའི་བསད་པའི་འཁོར་ལོ། དཔལ་དེ་ཁོ་ན་ཉིད་གྲུབ་པ། དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་དམ་ཚིག་ལ་འཇུག་པའི་དཀྱིལ་འཁོར་གྱི་ཆོ་ག རྡོ་རྗེ་ཁྱུང་གི་སྒྲུབ་ཐབས། དོ་ཧ་མཛོད། གནས་པ་བསྡུས་པ། སྣང་སྟོང་དབྱེར་མེད་དུ་སྟོན་པ་དགའ་བཅུགས་ལྔ་བ། འཁོར་འདས་གཉིས་མེད་དུ་སྟོན་པ་མི་ཕྱེད་པ་ལྔ་བ། བདེན་གཉིས་ཐ་མི་དད་དུ་སྟོན་པའི་བདེ་བ་ཆེན་པོ་ལ་གསལ་བ། གང་ཟག་གསུམ་གྱི་རྟོགས་ཐབས་སྟོན་པ་དེ་ཁོ་ན་ཉིད་རབ་ཏུ་བསྟན་པ། ལྷའི་རྣལ་འབྱོར་གཏན་ལ་འབེབས་པའི་དེ་བཞིན་གཤེགས་པ་ལྔའི་ཕྱག་རྒྱ་རྣམ་པར་བཤད་པ། མན་ངག་ཚིགས་སུ་བཅད་པ་བཅུ་གཉིས་པ། རང་བྱིན་གྱི་བརླབ་པའི་རིམ་པ། དངོས་པོ་སྦྱོང་བ། ཚིགས་སུ་བཅད་པ་ཕྱེད་དང་ལྔའི་འགྲེལ་བ། རྣམ་པར་མི་རྟོག་པའི་རབ་ཏུ་བྱེད་པ། ཆོས་ཐམས་ཅད་རབ་ཏུ་མི་གནས་པར་སྟོན་པའི་དེ་ཁོ་ན་ཉིད་ཚིགས་སུ་བཅད་པ་ཕྱེད་ཀྱི་འགྲེལ་བ། མི་རྟོགས་པ་རྟོགས་པར་བྱེད་པ། སྙིང་པོ་ཀུན་ལས་བཏུས་པའི་རབ་ཏུ་བྱེད་པ། ལྷན་ཅིག་སྐྱེས་པའི་གླུ། ལྷ་མོ་དབྱངས་ཅན་གྱི་བསྟོད་པ། དབྱངས་ཅན་མའི་བསྟོད་པ། ཆོས་སྐྱོང་ཐམས་ཅད་ཀྱི་གཏོར་མའི་ཆོ་ག སེམས་བརྟག་པ་བཅས་བཞུགས། |
{{#arraymap:རྨ་བན་ཆོས་འབར་
|; |@@@ | | }}