81329

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨ་བྱ་བྱང་ཆུབ་བརྩོན་འགྲུས་ (1)
Part of speech མིང་ཚིག
Definition འཁྲུངས་ལོ་ནི་མི་གསལ། བཤེས་གཉེན་མང་པོ་ལས་མདོ་སྔགས་རིག་གནས་ཀུན་ལ་མཁས་པར་སྦྱངས། སྒོས་སུ་ཕྱཱ་བ་ཆོས་ཀྱི་སེང་གེ་ལས་ཚད་མ་དང་དབུ་མ་སོགས་ཆེད་དུ་ནང་བྱན་ཆུད་པར་སྦྱངས། དབུ་མ་ལས་སློབ་མ་མང་དུ་བསྐྱངས། རབ་བྱུང་གསུམ་པའི་ཤིང་སྦྲུལ་ཕྱི་ལོ་ ༡༡༨༥ ལོར་སྐུ་གཤེགས། གསུང་རྩོམ་ནི་རྩ་བ་ཤེས་རབ་ཀྱི་འགྲེལ་བ་དང་། ཚིག་གསལ་སྟོང་ཐུན་གྱི་འགྲེལ་བ། དབུ་མའི་བསྡུས་པའི་འགྲེལ་བ། རྟོག་གེ་ཐོ་བའི་འགྲེལ་བ་བཅས་མང། སློབ་དཔོན་ཕྱཱ་བ་ཆོས་ཀྱི་སེང་གེའི་ལུགས་ལས་ཛ་ཡ་ཨཱ་ནནྡ་ལ་སོགས་པའི་ལུགས་ལ་ལྷག་པར་དད།

{{#arraymap:རྨ་བྱ་བྱང་ཆུབ་བརྩོན་འགྲུས་

|; |@@@ | | }}