81330
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | སྔགས། རྣལ་འབྱོར་བླ་མེད་རྒྱུད། བཀའ་བརྒྱུད། མར་པ་ལོ་ཙཱ་བས་མཛད་པ་བདེ་མཆོག་སྙན་བརྒྱུད་ཀྱི་གཏུམ་མོ་དང་ཐབས་ལམ་གྱི་འཕྲུལ་འཁོར་ཞེས་པ་ནས་བསྟན་པའི་འཕྲུལ་འཁོར་ཞིག་གི་མིང་སྟེ། གཞུང་དེ་ལས། རྨ་བྱ་འཕུར་བའི་འཕྲུལ་འཁོར་ནི། །ལག་གཉིས་རྐང་བའི་མཐེ་བོང་བཟུང་། །འཕོངས་དང་རྐང་བ་རེས་མོས་བརྡུང་། །ཞེས་གསུངས་པ་ལྟར། རླུང་བཟུང་སྟེ་གྱད་ལངས་བྱ། ལག་གཉིས་རྐང་བའི་མཐེ་བོང་ནས་བཟུང་སྟེ་རླུང་རྒྱབ་འདྲེན་བྱ། དེ་རྗེས་འཕོངས་ལ་ལ་བརྡབས་སྟེ་ལག་གནམ་དུ་བསྒྲེང་། རྐང་པ་བསྐུམས་ཏེ་རླུང་དཀྲུག་བྱ། འདིས་ཐིག་ལེ་ལུས་ལ་ཁྲེམས་པར་བྱེད་དོ། ། |
Domain | ཆོས་ལུགས། |
{{#arraymap:རྨ་བྱ་འཕུར་བ་
|; |@@@ | | }}