81352

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨ་ཡི་ནད་ཀྱི་དབྱེ་བ་བསྟན་པ་བཅོ་ལྔ་ (1)
Part of speech མིང་ཚིག
Definition དང་པོ་ལྷན་ཅིག་སྐྱེས་པའི་རྨ་ལ་དབྱེ་ན། ༡ འབྲས། ༢ རྨེན་བུ། ༣ སུར་ཡ། ༤ མེ་དབལ། ༥ གཞང་འབྲུམ། ༦ རྐང་འབྲུམ། ༧ མཚན་པར་རྡོལ་བའོ། །གཉིས་པ་ཕྱི་རྐྱེན་གློ་བུར་ལས་བྱུང་བའི་རྨ་ལ་གནས་དང་རིགས་ཀྱི་སྒོ་ནས་དབྱེ་ན། ༡ གནས་ནི་མགོ་དང་སྐེ་དང་བྱང་ཁོག་དང་ཡན་ལག་བཞི་པོ་གང་ཡང་རུང་བ་ལ་ངེས་པར་འབྱུང་བའི་རྨའི་རིགས་ཀྱི་དབྱེ་བ་ནི་བཤུས་པ། ༢ བཅད་པ། ༣ རྣམ་པར་བཅད་པ། ༤ འཕྱང་བ། ༥ ལྷུང་བ། ༦ ཕུག་པ། ༧ གཤགས་པ། ༨ གྲུག་པ་དང་བརྒྱད་བཅས་སོ། །
Domain གསོ་རིག

{{#arraymap:རྨ་ཡི་ནད་ཀྱི་དབྱེ་བ་བསྟན་པ་བཅོ་ལྔ་

|; |@@@ | | }}