81399
< Dictionaries | Monlam Grand
Jump to navigation
Jump to search
Part of speech | མིང་ཚིག |
---|---|
Definition | བརྩི་བྱ་བུ་མོ་དག་གི་བབས་སྨེ་བཞི་ལྗང་དང་། བབས་སྤར་དྭ་ཡིན་པ་འདོམ་དུས་དེར་ཤར་བའི་གནམ་ལོའི་ལུས་ཁམས་ཀྱིས་རང་ལོའི་ལུས་ཁམས་གཅོད་པ་ཡིན་ན། ལོ་དེའི་ཟླ་ཞག་དུས་གསུམ་བྱ་སྤྲེལ་གང་རུང་ལ་བག་མར་འགྲོ་བ་ལ་ཟེར་ཞིང་། བག་མ་དེ་རིགས་བྱང་དུ་གོམ་པ་ཉེར་གཅིག་སར་མན་ངག་བཞིན་དུ་སྦ་དགོས། གཞུང་དུ་དེ་དུས་ཀྱི་ལོག་མེན་ལོ་ཡང་བྱ་སྤྲེལ་གཉིས་ལས་གཅིག་ཏུ་འབབ་དགོས་པར་གསུངས་ཀྱང་། བུ་མོ་སུར་ཡང་བབས་སྤར་དྭ་དང་ལོག་མེན་བྱ་སྤྲེལ་ལ་འབབ་པ་འདོམ་དུས་མེད་པས་དཔྱད་པར་འཚལ། གལ་སྲིད་སྨེ་ཕྲེང་དང་པོའི་ཤིང་འབྲུག་ལོ་མ་ལོ་ལོ་བཅུ་དགུར་སོན་དུས་ཀྱི་གནམ་ལོ་དེའི་བྱའམ་སྤྲེལ་གྱི་ཟླ་ཞག་དུས་གསུམ་ལ་བག་མར་འགྲོ་བར་ཆ་བཞག་ན། ལོ་དེར་ཤར་བའི་གནམ་ལོ་ཆུ་ཁྱིའི་ལུས་ཁམས་ཆུ་རང་ལོའི་ལུས་ཁམས་མེ་ཡི་དགྲ་རུ་འགྲོ་བས་གཅོད་པ་མ་ཟད། བབས་པའི་སྤར་སྨེ་ཡང་དྭ་དང་བཞི་ལྗང་ཡིན་པ་ལྟ་བུའོ། ། |
Domain | རྩིས་རིག |
{{#arraymap:རྨང་སྲི་བུ་ཟན་ཕག་མགོ་
|; |@@@ | | }}