81406

From Rangjung Yeshe Wiki - Dharma Dictionary
Jump to navigation Jump to search
རྨད་དུ་བྱུང་བའི་ཆེ་བ་ (1)
Part of speech མིང་ཚིག
Definition སྔགས། ཨ་ནུ་ཡོ་ག རྙིང་མ། མདོ་དགོངས་པ་འདུས་པར་ཆེ་བ་ཡོན་ཏན་གྱི་ལུང་ལ་ཆེ་བ་བཅུ་ཡོད་པའི་ནང་གསེས་ཞིག་སྟེ། ལྷ་རྒྱུད་ལས། རྔ་ནི་ཤེས་རབ་ཕ་རོལ་ཕྱིན་བསྟན་པ། །ཡུལ་མེད་ཆོས་སྐུ་རྣམ་དག་རྔ་ལོགས་ལ། །འཛིན་པ་བདག་མེད་རིག་པའི་དབྱུག་གུས་བརྡུངས། །གསུང་རབ་རྔ་སྒྲས་འགྲོ་བ་ཤེས་རབ་སྐྱེད། །ཅེས་པ་ལྟར་གསང་སྔགས་ཇི་བཞིན་པ་དེ་ཁོ་ན་ཉིད་དུ་འཛིན་པ་དང་ཡང་བྲལ་བས་མི་དམིགས་པའི་ཤེས་རབ་ཆེན་པོས་རྨད་དུ་བྱུང་བའི་ཐེག་པ་གཞན་ལའང་སྒྲོགས་པའི་ཕྱིར་རྨད་དུ་བྱུང་བའི་ཆེ་བ་དང་ལྡན་པས་གཡོན་ཐ་མར་ཕ་རོལ་ཤེས་རབ་སྐྱེད་པའི་རྔ་ཆུང་བསྣམས་པའོ། །
Domain ཆོས་ལུགས།

{{#arraymap:རྨད་དུ་བྱུང་བའི་ཆེ་བ་

|; |@@@ | | }}